96124

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:09, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒོམ་ལམ་ཕྱིར་མི་ལྡོག་པའི་རྟགས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་སྐྱེ་བ་ལ་ཟབ་པ་དང། འགག་པ་ལ་ཟབ་པ་སོགས་རྟགས་བརྒྱད་པོ་གང་རུང་ཞིག་གིས་སྒོམ་ལམ་པ་ཕྱིར་མི་ལྡོག་ཏུ་མཚོན་པའི་རྟགས་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཞེས་བརྗོད་དོ། །དེ་ལ་དབྱེ་ན་བརྒྱད་ཡོད། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། གཉིས་པ་ནི། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང༌། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཐེག་ཆེན་སྒོམ་པའི་ལམ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། ཟབ་མོ་སྟོང་པ་ཉིད་ལ་སོགས་པ་རྟོགས་པའི་བློ་ཡིན་པའི་ཕྱིར། སྟོང་པ་ཉིད་དེ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། སྒྲོ་འདོགས་དང་སྐུར་བའི་མཐའ་ལས་གྲོལ་བ་ཉིད་ཀྱི་ཆོས་དབྱིངས་ཡིན་པའི་ཕྱིར། གསུམ་པ་ནི། གོ་རིམ་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་ལ་བདེན་པར་གྲུབ་པའི་སྒྲོ་འདོགས་པ་དང་ཐ་སྙད་དུ་མེད་པའི་སྐུར་བའི་མཐའ་ལས་གྲོལ་བ་ཉིད་ཡིན་ཏེ། སྟོང་པ་ཉིད་ལ་སོགས་པ་ལ་ཡང་དོན་དམ་པར་གཟུགས་མེད་ལ། སྟོང་པ་ཉིད་ལ་སོགས་པ་གཟུགས་ལས་ངོ་བོ་གཞན་པ་ཡང་མ་ཡིན་པའི་ཕྱིར། སྒྲོ་སྐུར་དང་བྲལ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། ཟབ་མོ་ཡིན་ཏེ། སྟོང་པ་ཉིད་ལ་སོགས་པས་ཁྱད་པར་དུ་བྱས་པའི་དབྱིངས་ཡིན་པའི་ཕྱིར། ཐེག་ཆེན་སྒོམ་པའི་ལམ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། ཟབ་མོ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་དང་ལྡན་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།