From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྒོམ་ལམ་རྩེ་སྦྱོར་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་གང་ཞིག། སྒོམ་སྤང་རྟོག་པའི་ས་བོན་ལ་གནོད་བྱེད་ཀྱི་མཁྱེན་པ་དེ། སྒོམ་ལམ་རྩེ་སྦྱོར་གྱི་མཚན་ཉིད། དབྱེ་ན། སྦྱོར་བ་སེང་གེ་རྣམ་བསྒྱིངས་དང། དངོས་གཞི་ཐོད་རྒལ་གཉིས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
|
| Domain
|
ཆོས་ལུགས།
|
སྒོམ་ལམ་རྩེ་སྦྱོར་ (2)
| Part of speech
|
མིང་ཚིག
|
| Definition
|
མཁྱེན་གསུམ་བསྡུས་སྒོམ་ཀྱི་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་སྒོམ་སྤང་སྤོང་བའི་གཉེན་པོ་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཞིག་ལ་སྒོམ་ལམ་རྩེ་སྦྱོར་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། སྒོམ་སྤང་རྟོག་པའི་གཉེན་པོའི་རིགས་སུ་གནས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེའི་མཚན་ཉིད། དེ་ལ་དབྱེ་ན་སྒོམ་སྤང་རྟོག་པ་བཞིའི་གཉེན་པོ་རྩེ་སྦྱོར་བཞི། སྒོམ་སྤང་རྟོག་པའི་གཉེན་པོའི་སྒོ་ནས་ཆུང་འབྲིང་སོགས་དགུ ཡང་ངོ་བོའི་སྒོ་ནས་མཉམ་རྗེས་གཉིས་ཀྱང་ཡོད། ས་མཚམས་ས་དང་པོ་ནས་རྒྱུན་མཐའི་བར་ན་ཡོད། ཅེས་གསུངས་སོ། །
|