96162

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒོར་གཞས་ (1)
Part of speech མིང་ཚིག
Definition སྒོར་གཞས་ནི་གཞས་རར་ཞུགས་མཁན་རྣམས་ལག་གདང་སྦྲེལ་ནས་སྒོར་སྒོར་བྱས་ཏེ་འཁྲབ་པའི་གླུ་གཞས་ཤིག་སྟེ། སྐྱེས་ཕོ་མོ་ལྷན་དུ་འཛོམས་ནས་སྐྱེས་པས་བསྐུལ་ཏེ་བུད་མེད་གྱིས་ལེན་པའམ། བུད་མེད་ཚོས་བསྐུལ་ཏེ་སྐྱེས་པས་ལེན་པ་སོགས་ཀྱི་སྤྲོ་སྣང་ཆེ་ལ་ངལ་རྩོལ་གྱི་རྣམ་པ་ཤིན་ཏུ་ཟབ་མོ་ལྡན་པ་ཞིག་ཡིན་ཞིང༌། དེ་ཡང་མདོ་སྨད་དང་དབུས་གཙང་ཁུལ་གྱི་རྒྱ་ཆེའི་གྲོང་གསེབ་ཏུ་སྒོར་གཞས་ཀྱི་དར་སོ་ཆེན་པོ་ཡོད། སྒོར་གཞས་ལ་རོལ་མོའི་རམ་འདེགས་མི་དགོས་པར་གཞས་འགོ་དལ་གྱིས་གླུ་རུ་ལེན་པ་དང་གཞས་མཇུག་འཁྲུག་པོའི་ཞབས་བྲོས་གཅོད་པའི་ཁྱད་ཆོས་ཡོད་པའི་དམངས་ཁྲོད་ཀྱི་གཞས་ལེན་སྟངས་ཤིག