96284

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:11, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྱུ་འཕྲུལ་དྲྭ་བ་ (1)
Part of speech མིང་ཚིག
Definition མ་ཧཱ་མ་ཡ་ཞེས་གསང་སྔགས་ཀྱི་རྒྱུད་སྡེ་ཞིག
སྒྱུ་འཕྲུལ་དྲྭ་བ་ (2)
Part of speech མིང་ཚིག
Definition གསང་རྙིང་མའི་རྒྱུད་སྡེ་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ།
སྒྱུ་འཕྲུལ་དྲྭ་བ་ (3)
Part of speech མིང་ཚིག
Definition སྔགས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག
Domain ཆོས་ལུགས།
སྒྱུ་འཕྲུལ་དྲྭ་བ་ (4)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག སྤྱིར་རྒྱལ་བ་རྣམས་ཀྱིས་འགྲོ་བ་འདུལ་བའི་ཐབས་ཀྱི་རྣམ་འཕྲུལ་སྒྱུ་མ་ལྟར་ཅིར་ཡང་མ་ངེས་པར་སྣང་བའི་སྒོ་ནས་ཐུགས་རྗེའི་དཔྱང་ཐག་གིས་མི་གཏོང་བར་འཛིན་ཅིང་འབྲེལ་པའི་དོན་ནམ། ཐབས་ཀྱི་འཕྲུལ་པ་ཇི་སྙེད་པའང་མཚན་མ་མེད་པའི་ཤེས་རབ་ཀྱིས་མ་ཟིན་པ་མེད་པས་ཀྱང་འབྲེལ་བ་སྟེ་སྒྱུ་འཕྲུལ་དྲྭ་བའོ། །
སྒྱུ་འཕྲུལ་དྲྭ་བ་ (5)
Part of speech མིང་ཚིག
Definition འབྱུང་བ་ལྔ་སྒྱུ་མ་ལྟར་སྣང་ལ་མ་ངེས་པ་དང་། དེའི་རྒྱུས་ཅིར་ཡང་འཕྲུལ་པ་ནི་ཕུང་པོ་ལྔའོ། །དེ་གཉིས་འབྲེལ་པ་ཅན་གྱི་ཕྱིར་དྲྭ་བ་སྟེ། དོན་དེས་སྒྱུ་མ་མཚོན་པ་ལྷ་ཡུམ། འཕྲུལ་པ་མཚོན་པ་ཡབ། དྲྭ་བ་མཚོན་པ་བཟུང་དུ་འབྲེལ་བའམ། ཡང་ན་འདིའི་ལེའུ་བཞི་པར། ཡབ་ལ་སྒྱུ་འཕྲུལ་དང་། ཡུམ་ལ་དྲྭ་བར་བཤད།
སྒྱུ་འཕྲུལ་དྲྭ་བ་ (6)
Part of speech མིང་ཚིག
Definition ཕུང་ལྔ་སྒྱུ་མ་ལྟ་བུ་ལ་རང་རིག་རྟོག་པའི་ཐབས་ཀྱིས་ཡེ་ཤེས་ལྔར་མཚོན་ནས་རིགས་ལྔར་སྣང་བ་ལ་འཕྲུལ་ཞེས་བྱ་སྟེ། ལེ་ལག་ལས། ལྔ་ཕུང་སྒྱུ་མའི་ཡེ་ཤེས་ལ། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །
སྒྱུ་འཕྲུལ་དྲྭ་བ་ (7)
Part of speech མིང་ཚིག
Definition སྒྱུ་མ་རྟོག་ཚོགས་དང་། འཕྲུལ་པ་ལྷ་གཉིས་དབྱེར་མེད་དུ་འབྲེལ་བ་ལའང་བཤད་དུ་རུང་མོད། འདིར་ནི་ཡུམ་གྱི་མཁའ་དང་དྲྭ་བ་ཆོས་མཐུན་པའི་ཕྱིར་ཡུམ་ལ་དྲྭ་བར་བཤད་དེ། །རྡོ་རྗེ་གཡུང་དྲུང་འཁྱིལ་བའི་མདོ་ལས། དྲྭ་བ་ཅིར་ཡང་འགྱུར་བ་སྟེ། །མདོ་མདུད་འབྲེལ་ཅིང་ཟང་ཐལ་བ། །གང་ནས་བལྟས་ཀྱང་གསལ་བར་སྣང་། །ཅིར་ཡང་སྡུད་ཅིང་ཤོང་བ་བཞིན། །དེ་ནི་ཡུམ་གྱི་མཁའ་དབྱིངས་ཀྱང་། །མདོ་མདུད་འབྲེལ་ཅིང་ཟང་ཐལ་བས། །གང་ནས་ཞུགས་ཀྱང་གསལ་བར་སྣང་། །ཐམས་ཅད་སྡུད་ཅིང་ཤོང་བའི་ཕྱིར། །ཡུམ་ལ་དྲྭ་བ་ཞེས་སུ་བརྗོད། །ཅེས་སོ།
སྒྱུ་འཕྲུལ་དྲྭ་བ་ (8)
Part of speech མིང་ཚིག
Definition ནང་སྒྱུ་འཕྲུལ་དྲྭ་བ་ནི། སྒྱུ་མ་ནི་རྟེན་འཁོར་ལོ་བཞིའི་རྩ། འཕྲུལ་པ་ནི་བརྟེན་པ་ཐིག་ལེ། དེ་གཉིས་སྒོམ་པའི་ཐབས་ཀྱིས་འབྲེལ་པ་ནི་དྲྭ་བ་སྟེ། རྒྱ་མཚོ་ལས། གནས་བཞི་གར་ཐབས་སྒྱུ་མ་ལས། །ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། །ཅིར་སྣང་བདག་ཉིད་རིག་པར་འབྲེལ། །དྲྭ་བའི་དོན་དུ་ང་ཡིས་བཤད། །ཅེས་སོ། །
སྒྱུ་འཕྲུལ་དྲྭ་བ་ (9)
Part of speech མིང་ཚིག
Definition གསང་བ་སྒྱུ་འཕྲུལ་དྲྭ་བ་ནི། སྒྱུ་མ་ནི་ཡབ་ཀྱི་རྡོ་རྗེ། འཕྲུལ་པ་ནི་ཡུམ་གྱི་མཁའ་པདྨ། དེ་གཉིས་བདེ་བས་འབྲེལ་པ་ནི་དྲྭ་བ་སྟེ། དེ་ལས། ཐབས་དང་ཤེས་རབ་སྒྱུ་མ་ལས། །རང་བཞིན་སྒྱུ་འཕྲུལ་ཆེན་པོར་ཤར། །ཐབས་དང་ཐབས་སུ་འབྲེལ་བ་ཉིད། །ཐམས་ཅད་ཀུན་གྱི་གཞིར་གནས་པའོ། །ཞེས་སོ། །
སྒྱུ་འཕྲུལ་དྲྭ་བ་ (10)
Part of speech མིང་ཚིག
Definition དེ་ཁོ་ན་ཉིད་སྒྱུ་འཕྲུལ་དྲྭ་བ་ནི། སྣང་ཡང་མ་གྲུབ་པའི་ཕྱིར་སྒྱུ་མ་ནི་དོན་དམ། དེ་ལས་འཁོར་འདས་སྣ་ཚོགས་སུ་ཤར་བ་ནི་མེད་བཞིན་དུ་སྣང་བའི་ཕྱིར་འཕྲུལ་པ་སྟེ་ཀུན་རྫོབ། དེ་གཉིས་དབྱེར་མེད་པས་ན་དྲྭ་བའམ། ཡང་ན་རང་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པ་བདེན་པ་དབྱེར་མེད་དེས་འཁོར་འདས་ཀུན་ལ་ཁྱབ་ཅིང་འབྲེལ་པས་ན་དྲྭ་བ་སྟེ། བླ་མ་ལས། སྟོང་ཞིང་དབེན་པའི་སེམས་ཉིད་འདིས། །རིགས་དང་ཁ་དོག་དབྱིབས་མེད་དེ། །ཅིར་ཡང་མེད་ལས་ཅིར་ཡང་སྣང་། །མ་སྐྱེས་སྒྱུ་འཕྲུལ་སྣ་ཚོགས་འབྱུང་། །རྒྱལ་བའི་དཀྱིལ་འཁོར་སྣ་ཚོགས་ཀྱང་། །སེམས་ཀྱི་སྒྱུ་འཕྲུལ་ཆེན་པོ་ཡིན། །
སྒྱུ་འཕྲུལ་དྲྭ་བ་ (11)
Part of speech མིང་ཚིག
Definition རྫོགས་ཆེན། སྒྱུ་ནི་གཞི་དང་། འཕྲུལ་ནི་རྩལ་དང་། དྲྭ་བ་ནི་གཞི་རྩལ་གཉིས་སུ་མེད་པའི་དོན།
སྒྱུ་འཕྲུལ་དྲྭ་བ་ (12)
Part of speech མིང་ཚིག
Definition སྒྱུ་ནི་ཟབ་པ་དང་། འཕྲུལ་ནི་རྒྱ་ཆེ་བ་དང་། དྲྭ་བ་ནི་འབྲེལ་བ།
སྒྱུ་འཕྲུལ་དྲྭ་བ་ (13)
Part of speech མིང་ཚིག
Definition སྒྱུ་ནི་ཐབས། འཕྲུལ་ནི་ཤེས་རབ། དྲྭ་བ་ནི་ཐབས་ཤེས་ཟུང་འཇུག
སྒྱུ་འཕྲུལ་དྲྭ་བ་ (14)
Part of speech མིང་ཚིག
Definition སྤྱི་ཏིའི་ལུགས་ལྟར་ན། སྐྱེ་བ་མེད་པའི་སྒྱུ། འོད་གསལ་རང་མདངས་ཀྱི་འཕྲུལ། དྲྭ་བ་ནི་སྙིང་པོ་དང་ཡན་ལག་ཏུ་འབྲེལ་བའོ། །ཞེས་རྒྱུད་འགྲེལ་ཉི་ཟླ་འབར་བའི་སྒྲོན་མ་ལས་གསུངས། །
སྒྱུ་འཕྲུལ་དྲྭ་བ་ (15)
Part of speech མིང་ཚིག
Definition འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དོན་གསལ་བར་བྱེད་པ་ལས། སྒྱུ་འཕྲུལ་ཞེས་པ་མ་རིག་པ་དང་སེམས་སོ། །དྲྭ་བ་ཞེས་པ་གཉིས་སུ་མེད་པའོ། །ཞེས་གསུངས་སོ། །