96315
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། སྒྱུ་འཕྲུལ་ཡིད་བཞིན་ཉིད་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཏེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་ལ་ནི། སྒྱུ་འཕྲུལ་ཡིད་བཞིན་ཉིད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། སྦྱིན་པ་རྣམ་བཞིས་འགྲོ་བའི་དོན་མཐར་ཕྱིན་ཅིང་ཡིད་བཞིན་དུ་བྱེད་པའི་ཕྱིར་རོ། །ཡང་ན་ལྷག་པའི་བྱང་ཆུབ་ཀྱི་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་ཆགས་པར་བྱེད་པའི་ངོ་བོ་འཕགས་པ་ཐམས་ཅད་ལ་མཆོད་པ་དང་འགྲོ་བའི་དོན་ཡིད་བཞིན་དུ་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |