96329

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:12, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྱུ་རྩལ་དྲུག་ཅུ་རེ་བཞི་ (1)
Part of speech མིང་ཚིག
Definition འདོད་པའི་སྒྱུ་རྩལ་དྲུག་ཅུ་རེ་བཞི་སྟེ། ༡ འོ་བྱེད་པ། ༢ འཁྱུད་པ། ༣ སོ་འདེབས་པ། ༤ སེན་མོ་འདེབས་པ། ༥ ཡང་དག་པར་བསྐྱོད་པ། ༦ སིད་ཀྱི་སྒྲ་སྒྲོག་པ། ༧ སྐྱེས་པའི་བྱ་བ་བྱེད་པ། ༨ སྟེང་ན་འདུག་པ་སྟེ་དེ་བརྒྱད་པོ་རེ་རེ་ལའང་བརྒྱད་བརྒྱད་ཕྱེ་བས་དྲུག་ཅུ་རེ་བཞིའོ། །
སྒྱུ་རྩལ་དྲུག་ཅུ་རེ་བཞི་ (2)
Part of speech མིང་ཚིག
Definition བཟོའི་སྒྱུ་རྩལ་སུམ་ཅུ་སྟེ། ༡ ཡི་གེ། ༢ ལག་རྩལ། ༣ གྲངས། ༤ རྩིས་ཆེན། ༥ ཐོར་ཚུགས། ༦ གོམ་སྟབས། ༧ ལྕགས་ཀྱུས་སྒྱུར་ཐབས། ༨ རལ་གྲིའི་ཐབས། ༩ ཞགས་པས་གདབ་པ། ༡༠ མདའ་བོ་ཆེ་འཕེན་པ། ༡༡ མདུན་དུ་བསྣུར་བ། ༡༢ ཕྱིར་བསྣུར་བ། ༡༣ བཅད་པ། ༡༤ དྲལ་པ། ༡༥ དབུག་པ། ༡༦ རྒྱང་ནས་འཕོག་པ། ༡༧ སྒྲ་གྲག་པར་འཕོག་པ། ༡༨ གནད་དུ་འཕོག་པ། ༡༩ མི་འཆོར་བར་འཕོག་པ། ༢༠ ཚབས་ཆེ་བར་འཕོག་པ། ༢༡ མཆོངས་པ། ༢༢ གྱད་ཀྱི་འཛིན་སྟངས། ༢༣ བང་འགྲོས། ༢༤ རྐྱལ། ༢༥ བརྒལ་བ། ༢༦ གླང་པོ་ཆེའི་གཉར་ཞོན་པ། ༢༧ རྟ་ལ་ཞོན་པ། ༢༨ ཤིང་རྟའི་བཟོ་ཐབས། ༢༩ མདའ་གཞུའི་བཟོ་ཐབས། ༣༠ གྱད་སྟོབས་དང་སུམ་ཅུ། དེ་སྟེང་དུ་རོལ་མོའི་སྒྱུ་རྩལ་བཅོ་བརྒྱད་དེ། ༣༡ གར། ༣༢ བྲོ། ༣༣ རྔ་བོ་ཆེ། ༣༤ རྫ་རྔ། ༣༥ རྔ་ཕྲན། ༣༦ རྫ་རྔ་ཆེན་པོ། ༣༧ འཁར་རྔ། ༣༨ པི་ཝང་རྒྱུད་གཅིག་པ། ༣༩ རྫ་རྔ་ཁ་གཅིག་པ། ༤༠ ལྕགས་ཀྱི་སིལ་ཁྲོལ། ༤༡ འཁར་བའི་སིལ་ཁྲོལ། ༤༢ པི་ཝང་རྒྱུད་གསུམ་པ། ༤༣ རྔ་མུ་ཀུནྟ། ༤༤ སིལ་སྙན་གླུ་དབྱངས་དང་བསྟུན་པ། ༤༥ ཕེག་རྡོབ། ༤༦ རོལ་མོའི་སྒྲ། ༤༧ པི་ཝང༌། ༤༨ གླིང་བུ། དེའི་སྟེང་དུ་གླུ་དབྱངས་ཀྱི་ངེས་པ་བདུན་ཏེ། ༤༩ དྲུག་སྐྱེས་དང་། ༥༠ དྲང་སྲོང་། ༥༡ ས་འཛིན། ༥༢ བར་མ། ༥༣ ལྔ་ལྡན། ༥༤ བློ་གསལ། ༥༥ འཁོར་ཉན་དང་བདུན། དེའི་སྟེང་དུ་གར་གྱི་ཉམས་དགུ་སྟེ། ༥༦ སྒེག་པ། ༥༧ དཔའ་བ། ༥༨ མི་སྡུག་པ། ༥༩ རྒོད་པ། ༦༠ དྲག་ཤུལ། ༦༡ འཇིགས་རུང་། ༦༢ སྙིང་རྗེ། ༦༣ རྔམ་པ། ༦༤ཞི་བ་སྟེ་དྲུག་ཅུ་རེ་བཞིའོ། །
Domain བཟོ་རིག