96356

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:13, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྱེའུ་ཤག་རལ་སྐར་མ་ (1)
Part of speech མིང་ཚིག
Definition ལོ་ཁམས་ལྕགས་ཀྱི་རྟ་ལུག་ཡིན་པའི་ཕ་མ་སུ་རུང་ཞིག་ལ། བབས་སྤར་དྭ་སྟེང་དུ་སྲོག་ཁམས་རང་ལོའི་སྲོག་ཁམས་ཀྱི་གཅོད་པའི་བུས་པ་སྐྱེས་པ་ལ་ཟེར་བ་ཡིན། དེ་ལྟར་གསུངས་ཀྱང་ལྕགས་རྟ་ལོ་ཁམས་ཡིན་པའི་ཕའམ་མའི་བབས་སྤར་དྭ་སྟེང་དུ་བབས་དུས་དེར། རང་ལོ་རྟའི་སྲོག་ཁམས་མེ་ཡིས་གཅོད་པའི་ལྕགས་སྲོག་ཁམས་པའི་སྦྲེལ་གནམ་ལོར་ཤར་བ་མ་གཏོགས། ལོ་ཁམས་ལྕགས་ལུག་ཡིན་པའི་ཕའམ་མའི་བབས་སྤར་དྭ་སྟེང་དུ་བབས་དུས་དེར། རང་ལོ་ལུག་གི་སྲོག་ཁམས་སས་གཅོད་པའི་ཆུ་སྲོག་ཁམས་ཡིན་པའི་བྱི་ཕག་གཉིས་ལས་གང་ཡང་གནམ་ལོར་མི་ཤར་བས་དཔྱད་པར་འཚལ། གལ་སྲིད་ལྕགས་རྟ་ལོར་སྐྱེས་པའི་ཕ་མ་སུ་ཞིག་ལ་རང་ལོ་ཉེར་བདུན་སྟེང་དུ་བུས་པ་སྐྱེས་པར་ཆ་བཞག་ན། དུས་དེར་འབབ་པའི་བབས་སྤར་དྭ་ཡིན་པ་མ་ཟད། ཤར་བའི་གནམ་ལོ་ཡང་རང་ལོ་རྟའི་སྲོག་ཁམས་མེ་ཡིས་གཅོད་པའི་ལྕགས་སྲོག་ཁམས་ཡིན་པའི་མེ་སྤྲེལ་ཡིན་པ་ལྟ་བུ་དང་། དུས་དེར་སྐྱེས་པའི་བུས་པ་དེ་མཛོད་ཕུགས་སུ་སྦས་ཀྱང་མཐར་གྲིར་འཆི་བར་བཤད།
Domain རྩིས་རིག