96434

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:15, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲ་མཐུན་དོན་དཔག་གི་གཏན་ཚིགས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྒྲ་མཐུན་དོན་དཔག་གི་གཏན་ཚིགས་ནི། མ་ཧཱ་ཡོ་གའི་ལྟ་བ་གཏན་ལ་འབེབས་པར་བྱེད་པའི་གཏན་ཚིགས་ཀྱི་བྱེ་བྲག་ལས། ཚིག་དོན་མི་མཐུན་པའི་གཏན་ཚིགས་ཀྱི་ནང་གསེས་ཤིག་སྟེ། ཐེག་དགུ་སྤྱི་ཆིངས་ཀྱི་འགྲེལ་བཤད་ཉི་མའི་འོད་ཟེར་ལས། ཚིག་དོན་མི་མཐུན་པའི་གཏན་ཚིགས་ལ། ཚད་མ་བཀའ་གཞུང་གི་གཏན་ཚིགས། སྒྲ་མཐུན་དོན་དཔག་གི་གཏན་ཚིགས། གཅིག་དང་དུ་བྲལ་གྱི་གཏན་ཚིགས། བདག་ཉིད་ཆེན་པོའི་གཏན་ཚིགས་སོ། །ཞེས་དང་། རྒྱུད་གསང་བ་སྙིང་པོའི་ལྟ་བའི་སྐབས་ཀྱི་གཏན་ཚིགས་རྣམས་རིགས་པས་བསྒྲུབས་ཏེ་ངག་དོན་དུ་བཀོད་པ་ལས། གཉིས་པ་སྒྲ་མཐུན་དོན་འཕགས་ཀྱི་གཏན་ཚིགས་ནི། སྔགས་ནས་མི་སྤང་བར་བསྟན་པའི་དུག་ལྔ་ཆོས་ཅན། སྒྲ་མཐུན་ཀྱང་དོན་འཕགས་པ་ཡིན་ཏེ། གཉེན་པོས་སྤང་བ་མ་ཡིན་ལ། དེ་ཉིད་རྟོགས་པའི་ཐབས་ཀྱིས་ཡེ་ཤེས་ལྔར་ཤར་བའི་ཕྱིར་རོ། །ཞེས་གསུངས་སོ། །
Domain ཆོས་ལུགས།