96500

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:16, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲ་རྣམ་པ་བརྒྱད་ (1)
Part of speech མིང་ཚིག
Definition རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་རྒྱ་ཆེར་བཤད་པ་ལས་བྱུང་བ་སྟེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཡིད་དུ་འོང་བ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་ཡིད་དུ་མི་འོང་བ། མ་ཟིན་པའི་འབྱུང་བ་ཡིད་དུ་འོང་བ། མ་ཟིན་པའི་འབྱུང་བ་ཡིད་དུ་མི་འོང་བ། སེམས་ཅན་དུ་སྟོན་པ་ཡིད་དུ་འོང་བ། སེམས་ཅན་དུ་སྟོན་པ་ཡིད་དུ་མི་འོང་བ། སེམས་ཅན་དུ་སྟོན་པ་མ་ཡིན་པ་ཡིད་དུ་འོང་བ། སེམས་ཅན་དུ་སྟོན་པ་མ་ཡིན་པ་ཡིད་དུ་མི་འོང་བའོ། །
Domain ཆོས་ལུགས།
སྒྲ་རྣམ་པ་བརྒྱད་ (2)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། མ་མཐོང་བར་མཐོང་ངོ་ཞེས་སྨྲ་བ། མཐོང་བ་ལ་མ་མཐོང་ངོ་ཞེས་སྨྲ་བ། མ་ཐོས་པ་དང་། རྣམ་པར་མ་ཕྱེད་པ་དང་། རྣམ་པར་མ་ཤེས་པར་རྣམ་པར་ཤེས་སོ་སྨྲ་བ། རྣམ་པར་ཤེས་པ་ལ་རྣམ་པར་མི་ཤེས་སོ་སྨྲ་བ་འཕགས་པ་མ་ཡིན་པའི་ཐ་སྙད། མཐོང་བ་ལ་མཐོང་ཞེས་སྨྲ་བ། མ་མཐོང་བ་ལ་མ་མཐོང་ཞེས་སྨྲ་བ། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་སོ་སྨྲ་བ། རྣམ་པར་མི་ཤེས་པ་ལ་རྣམ་པར་མ་ཤེས་སོ་ཞེས་སྨྲ་བ་འཕགས་པའི་ཐ་སྙད་དོ། །
སྒྲ་རྣམ་པ་བརྒྱད་ (3)
Part of speech མིང་ཚིག
Definition ཟིན་པའི་སྒྲ་སེམས་ཅན་དུ་སྟོན་པ། སྙན་པ་གླུ་ལེན་པ། མི་སྙན་པ་ཚིག་རྩུབ་སྨྲ་བ། ཟིན་པའི་སྒྲ་སེམས་ཅན་དུ་མི་སྟོན་པ། སྙན་པ་གླིང་བུ་འབུད་པ། མི་སྙན་པ་ཁུ་ཚུར་རྡེག་པ། མ་ཟིན་པའི་སྒྲ་སེམས་ཅན་དུ་སྟོན་པ་སྙན་པ་སྤྲུལ་པས་ཆོས་འཆད་པ། མི་སྙན་པ་སྤྲུལ་པས་ཚིག་རྩུབ་སྨྲ་བ། སེམས་ཅན་དུ་མི་སྟོན་པ་སྙན་པ་དྲིལ་བུ་རླུང་གིས་བསྐྱོད་པ་ལྟ་བུ། མི་སྙན་པ་ཆུ་སྒྲ་ལྟ་བུའོ། །