96501

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:16, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲ་ལ་གནས་པའི་རིག་འཛིན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཚོགས་ལམ་ལ་གནས་པའི་བྱང་སེམས་ཏེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལྟར་རྣལ་འབྱོར་ལྔའི་ལམ་ལ་གནས་པའི་སྐབས་ཀུན་ཏུ་རིག་པ་འཛིན་པ་ལྔར་འགྱུར་ཏེ། མཚན་མ་ཚིག་གི་རྣལ་འབྱོར་པ་དོན་ཡིད་ལ་བྱེད་པ་ཙམ་སྟེ་སར་ཆུད་པ་བ་ཚིག་གི་ཚོགས་པས་སྒྲ་ལ་གནས་པ། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་རིག་འཛིན་གྱི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག
Domain ཆོས་ལུགས།