From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྒྲ་སྙན་ལྟ་བུའི་སེམས་བསྐྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ཆོས་ཀྱི་སྡོམ་བཞིའི་དགའ་སྟོན་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། ཀུན་དགའི་སྒྲ་སྙན་པ་ལྟ་བུ་ཡིན་ཏེ། ཐར་པ་འདོད་པའི་གདུལ་བྱ་ལ་ཆོས་ཀྱི་སྙན་པ་སྒྲོག་པའིི་ཕྱིར། འདི་སྡོམ་བཞི་མི་ཟད་པའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས། ཆོས་ཀྱི་སྡོམ་བཞི་འཆད་པའི་དགའ་སྟོན་དང་ལྡན་པ་ནི། ཆོས་ཀྱི་སྒྲ་སྙན་པར་སྟོན་པ་ལྷའི་རྔ་བོ་ཆེ་ལྟ་བུ་སྟེ། ཐར་པ་འདོད་པའི་གདུལ་བྱ་ལ་ཆོས་ཀྱི་སྡོམ་བཞི་སྙན་པར་སྒྲོགས་པས་སོ། །ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
|
| Domain
|
ཆོས་ལུགས།
|
སྒྲ་སྙན་ལྟ་བུའི་སེམས་བསྐྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་ཀྱི་སྡོམ་བཞི་སྟོན་པ་ལ་མངའ་བརྙེས་པའི་སྟོབས་ཀྱིས་ཐོབ་པའི་སེམས་བསྐྱེད་ཁྱད་པར་ཅན་ཞིག་ལ་སྒྲ་སྙན་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་རྩ་ཊཱིཀ་ལས། ཆོས་ཀྱི་སྡོམ་བཞིའི་དགའ་སྟོན་དང་ལྡན་པ་ནི། སྒྲ་སྙན་པ་ལྟ་བུ་ཡིན་ཏེ། ཐར་པ་འདོད་པའི་གདུལ་བྱ་ལ་འཁོར་བ་ལས་གྲོལ་བར་བྱེད་པའི་སྙན་པ་སྒྲོག་པའི་ཕྱིར། ཞེས་གསུངས། ས་མཚམས་ནི་སངས་རྒྱས་ཀྱི་སྦྱོར་བའི་སའི་བསྡུས་པར་འདོད་དེ། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། སེམས་བསྐྱེད་ཐ་མ་གསུམ་ནི། སངས་རྒྱས་ཀྱི་སས་བསྡུས་ཏེ། སངས་རྒྱས་ཀྱི་སའི་སྦྱོར་བ་དང་དངོས་དང་མཇུག་གི་སྒོ་ནས་རིམ་པ་བཞིན་དུ་བསྡུས་པའི་ཕྱིར། ཞེས་གསུངས་སོ། །
|