96579

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲིབ་པ་གཉིས་ (1)
Part of speech མིང་ཚིག
Definition མདོ། ཐེག་ཆེན། ཉོན་མོངས་པའི་དང་། ཤེས་བྱའི་སྒྲིབ་པའོ། །ཉོན་མོངས་པའི་སྒྲིབ་པ་ནི། ཉོན་མོངས་པ་ཉིད་རང་གིས་མ་རྟོགས་པས། རང་གིས་རང་བསྒྲིབས་པ་དང་། ཉོན་མོངས་ཀྱིས་བསྒྲིབས་པ་ནི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ལས་ཀྱི་རྣམ་པར་སྨིན་པས་ལམ་དང་ལམ་གྱི་འབྲས་བུ་ལ་བསྒྲིབས་པའོ། །ཤེས་བྱའི་སྒྲིབ་པ་ནི། གཉེན་པོ་ལ་ཞེན་པ་དང་། འཁོར་གསུམ་གྱི་རྟོག་པས་ལམ་དང་འབྲས་བུ་ལ་བསྒྲིབས་པའོ། ། སྒོམ་སྐྱོན་ཅན་བདུན། སྒོམ་བདག་མེད་མ། སྒོམ་ལྕགས་ཀྱུ་མ། སྒོམ་ཁྱི་སྣ་མ། སྒོམ་རྒྱས་འདེབས་མ། སྒོམ་གཤིས་ལ་ཤོར་བ། སྒོམ་ཆགས་པར་ཤོར་བ། སྒོམ་གཉེན་པོར་ཤོར་བ། དང་པོ། ལྟ་དང་མི་ལྟ་བཞག་དང་མ་བཞག་གང་ཡང་མེད་པ་འདི་ལྟར་ཡིན་ནོ་སྙམ་ནས་བློ་ཡིས་དཔྱད་གཞིག་བྱས་ཏེ་རང་གར་སྐྱུར་བ་ལྟ་བུའི་སྔོན་དུ་བློ་ཡིས་འཛིན་སྟངས་ཤོར་བ་ནི་སྒོམ་བདག་མེད་མ་ཞེས་དང་། གཉིས་པ། དྲན་པའི་རྩིས་སླེབ་མ་ཐག་དེ་ཀའི་ཐོག་ཏུ་མི་བཞག་པར་ཚུར་བཀུག་པ་ལྟ་བུ་སྒོམ་ལྕགས་ཀྱུ་མ་དང་། གསུམ་པ། བློ་ཞིབ་མོས་ཚོལ་བ་ལྟ་བུའི་ཉལ་ཉུལ་མང་པོ་ཞིག་བྱས་ནས་གང་བཞག་འདིར་བཞག་མེད་པར་བློ་ཐེ་ཚོམ་ལོག་གེ་བའི་དབང་དུ་ལུས་པའམ་རྣམ་རྟོག་དྲག་པོས་འཕྲོས་པ་ནི་སྒོམ་ཁྱི་སྣ་མ་ཞེས་ལྟ་མིན་གྱི་སྐྱོན་དང་། བཞི་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་སྙམ་པའི་གསལ་སྟོང་དབྱེར་མེད་གཅིག་ཡིན་ནོ་འདི་ལྟ་བུར་བྱས་ན་བདེ་བར་ཡོད་དོ་སྙམ་པའི་ལུགས་ཀ་དང་གཏད་སོ་འདྲ་བའི་སྟེང་དུ་བཞག་པ་ནི་སྒོམ་རྒྱས་འདེབས་མ་དང་། ལྔ་པ། ཡེ་ནས་སེམས་སྐྱེ་བ་མེད་པའི་རང་བཞིན་ཡིན་ནོ་སྙམ་པའི་རྩིས་གདབ་པ་ནི་ཤེས་བྱའི་གཤིས་ལ་ཤོར་བ་དང་། དྲུག་པ། སྟོང་ཉིད་ཀྱི་རོར་ཞེན་པ་ནི་ཆགས་པར་ཤོར་བ་དང་། བདུན་པ། ཉོན་མོངས་རྣམ་རྟོག་གང་ཤར་གྱི་ངོ་བོ་སེམས་སུ་མ་ཤེས་ནས་སྤང་གཉེན་གཉིས་སུ་བྱས་པ་དེ་ནི་གཉེན་པོར་ཤོར་བ་སྟེ་འདི་དག་ཐམས་ཅད་རྟོག་པའི་སྐྱོན་རང་འདོད་ཀྱི་ཁྱེར་སོ་ཡིན་པས་སྤོངས་ལ། དཔལ་འཇིགས་མེད་ཆོས་ཀྱི་སེངྒེས་མཛད་པའི་ཕྱག་ཆེན་ནམ་མཁའི་ཐོག་དབུབ་དབུ་ཅན་ལྡེབ་གྲངས༡༡རྒྱབ་ངོས་ལས།
Domain ཆོས་ལུགས།