96580

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲིབ་པ་གསུམ་ (1)
Part of speech མིང་ཚིག
Definition མདོ། ཆགས་པའི་སྒྲིབ་པ། ཐོགས་པའི་སྒྲིབ་པ། དམན་པའི་སྒྲིབ་པ་བཅས་གསུམ་མོ། །
Domain ཆོས་ལུགས།
སྒྲིབ་པ་གསུམ་ (2)
Part of speech མིང་ཚིག
Definition ཉོན་མོངས་ཀྱི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། ལས་ཀྱི་སྒྲིབ་པ་བཅས་གསུམ་མོ། །
སྒྲིབ་པ་གསུམ་ (3)
Part of speech མིང་ཚིག
Definition སྒྲིབ་པ་གསུམ་ཡོད་དེ། ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། རྣམ་སྨིན་གྱི་སྒྲིབ་པ་རྣམས་སུ་ཡོད་པའི་ཕྱིར། དེ་དག་གི་ངོས་འཛིན་ཡོད་དེ། མཚམས་མེད་ཀྱི་ལས་ལྔ་ལྟ་བུ་དང་པོ། ཉོན་མོངས་ཤས་ཆེན་པོས་ཀུན་ནས་བསླངས་པའི་སྒྲིབ་པ་ལྟ་བུ་གཉིས་པ་དང་། ངན་འགྲོ་བ་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། བྱང་སྒྲ་མི་སྙན་པའི་སྒྲིབ་པ་ལྟ་བུ་གསུམ་པ་དེ་ཡིན་པའི་ཕྱིར། ལས་གཞན་གྱིས་བར་དུ་མཚམས་མ་བཅད་པར་སྐྱེ་བ་ཕྱི་མ་དེ་ཉིད་ལ་མནར་མེད་དུ་སྐྱེ་ངེས་ཀྱི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བའི་ལས་སྒྲིབ་ཏུ་དམིགས་པ། མཚམས་མེད་ཀྱི་ལས་སྒྲིབ་ཀྱི་མཚན་ཉིད། གཉིས་པ་དེ་ལ་དབྱེ་ན། མཚན་མེད་ལྔ་ཡོད་དེ། དེ་ལྟར་ཡང་རང་འགྲེལ་ལས། མཚམས་མེད་པའི་ལས་རྣམས་ནི་ལས་ཀྱི་སྒྲིབ་པ་ཡིན་ཏེ། འདི་ལྟ་སྟེ། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །ཞེས་གསུངས་པའི་ཕྱིར། དེ་དག་སྒྲིབ་པར་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་དག་གིས་འཕགས་པའི་ལམ་དང་དེའི་སྦྱོར་བའི་ལམ་སོགས་ལ་སྒྲིབ་པར་བྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར། འོ་ན་དེ་དག་འགྲོ་བ་གང་ན་ཡོད་ཅེ་ན། མཚམས་མེད་ཀྱི་ལས་སྒྲིབ་གླིང་གསུམ་གང་རུང་གི་སྐྱེས་པ་དང་བུ་མེད་ཁོ་ན་ལ་ཡོད་ཀྱི། ཟ་མ་དང་མ་ནིང་སོགས་ལ་མེད་དེ། ཟ་མ་མ་ནིང་གིས་རང་གི་ཕ་མ་བསད་པས་མཚམས་མེད་བྱས་པར་མི་འགྱུར་ཏེ། དེ་དག་གི་ཕ་མ་གཉིས་པོ་དེས་དེ་དག་སོ་ཐར་གྱི་རྟེན་དུ་མ་བསྐྱེད་པས་འཕེན་པ་ཆུང་བའི་ཕྱིར་དང་། དེ་དག་ངོ་ཚ་ཁྲེལ་ཡོད་ཀྱང་ཆུང་བའི་ཕྱིར། ལྷག་མ་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་གཉིས་ནི་དེ་ལྟར་མ་ངེས་ཏེ། འགྲོ་བ་ལྔ་གར་ན་ཡོད་པའི་ཕྱིར།