96596
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ལྷོད་པའི་སྒྲིབ་པ་ནི། དགེ་བའི་ཆོས་རྣམས་ལ་ལེ་ལོ་བྱེད་ཅིང་མངོན་པར་མི་བརྩོན་པ་གང་ཡིན་པའོ། །ཁ་ན་མ་ཐོ་བའི་སྒྲིབ་པ་ནི། འདི་ལྟར་འདི་ན་ལ་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པའམ། ཞེ་སྡང་གི་ཀུན་ནས་དཀྲིས་པའམ། གཏི་མུག་གི་ཀུན་ནས་དཀྲིས་པའམ། སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་ན། དེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་སྐྱེད་པར་དེ་དང་དུ་ལེན་པར་བྱེད་པའོ། །ཁྱད་དུ་གསོད་པའི་སྒྲིབ་པ་ནི། འདི་ལྟར་འདི་ན་ལ་ལས་བསླབ་པ་ལ་མི་འདུ་ཞིང་བསླབ་པ་ལ་གུས་པ་དྲག་པོ་མེད་པ་དང་། ལྟུང་བ་ལ་འཇིགས་པར་མི་ལྟ་ཞིང་ལྷག་པར་འབྱིན་པ་དང་། ལྷག་པར་བྱུང་ན་ཡང་ཕྱིར་ཆགས་པར་མི་བྱེད་པ་དང་། སྟོན་པ་དང་བསླབ་པ་ལ་མི་གུས་པའི་རང་བཞིན་ཅན་ནོ། །འགྱོད་པའི་སྒྲིབ་པ་ནི། འདི་ལྟར་འདི་ན་ལ་ལ་ཉོན་མོངས་པ་ཅན་གྱི་འགྱོད་པའི་རྒྱུན་གྱིས་རེག་ཅིང༌། འགྱོད་པ་དེ་ཡང་ལེགས་པར་རབ་ཏུ་སེལ་བར་མི་ནུས་ལ། ཀུན་དུ་འགྱོད་པ་དང་བཅས། རྣམ་པར་འགྱོད་པ་དང་བཅས། ཡིད་ལ་གཅགས་པ་དང་བཅས་པའོ། །ཤེས་བྱའི་སྒྲིབ་པ་ནི། འདི་ལྟར་འདི་ནི་ཡིད་ལ་བཅགས་པ་དང་བཅས་པ་ལ་ལ་བསླབ་པ་རྣམ་པར་མ་དག་པའི་གཞིའི་རྒྱུས་མཆོག་ཏུ་དགའ་བ་མི་སྐྱེ་ལ། རབ་ཏུ་དགའ་བ་མི་སྐྱེ། རབ་ཏུ་མི་དགའ་བ་ལ་ནི་དགའ་བ་མི་སྐྱེ་བ་ནས། སེམས་མཉམ་པར་འཇོག་པའི་བར་དུ་མི་འགྱུར་ཏེ། སེམས་མཉམ་པར་མ་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་མཐོང་བས། དེའི་ཕྱིར་ཤེས་བྱའི་སྒྲིབ་པ་ཞེས་བྱའོ། ། |
| Domain | ཆོས་ལུགས། |