96661

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲུབ་ཆེན་གྱི་ཁོག་དབུབ་རྫོང་ཆེན་ (1)
Part of speech མིང་ཚིག
Definition རྙིང་མ། གཏེར་ཆེན་རཏྣ་གླིང་པས་ས་སྟག་ལུག་ཟླའི་ཚེས་བརྒྱད་ལ་དགེ་རིའི་བྲག་ནས་བཏོན་པའི་གཏེར་ཆོས་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། སྒྲུབ་ཆེན་གྱི་ཁོག་དབུབ་རྫོང་ཆེན། ཞེས་བྱ་བ་སྟེ། འདིའི་ནང་དོན་ལ། སྔོན་འགྲོའི་ཆོས་བླ་སློབ་བརྟག་པ་ལ་སོགས་པ་བཅུ་གསུམ་དང་། དངོས་གཞི་གཞུང་བསྲངས་པ་དང་། བསྙེན་པ་སྒྲུབ་པ། བར་ཆད་ཉུ་ལེ་བསྐྲད་པ་སོགས་ཀྱིས་ཁོག་དབུབ། རྗེས་མཆེད་ལྕམ་རྣམས་ལ་དམ་ཚིག་དང་གསུང་སྒྲོས་བསླབ་བྱ་རྣམས་བཤད་པ་བཅས་ཀྱི་སྒོ་ནས་ཐུགས་སྒྲུབ་གསང་བ་འདུས་པའི་སྒྲུབ་ཆེན་གྱི་ཁོག་དབུབ་བསྟན། འདིའི་མཚན་གཞན། ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒྲུབ་ཆེན་གྱི་ཁོག་དབུབ་དབང་གི་གྲུ་བོ། ཞེས་ཀྱང་བྱ་ཞིང་། ཇོ་མོ་ཡེ་ཤེས་མཚོ་རྒྱལ་དང་། གནུབས་བན་ནམ་མཁའི་སྙིང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གནུབས་སངས་རྒྱས་ཡེ་ཤེས། ལང་འགྲོ་དཀོན་མཆོག་འབྱུང་གནས་དང་ལྔའི་དོན་དུ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་དེ་གཏེར་དུ་སྦས་པ་ཉིད། ཕྱིས་སུ་གཏེར་ཆེན་རཏྣ་གླིང་པས་གཏེར་ནས་དྲངས་པ་ཞིག་ཡིན། །