96679

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲུབ་པ་ (1)
Part of speech མིང་ཚིག
Definition སྒྲུབ་པའི་མཚན་ཉིད་ནི། བློས་ཡོངས་གཅོད་དུ་རྟོགས་པར་བྱ་བ། དབྱེ་བ་ལ། སྣང་བའི་སྒྲུབ་པ་དང་། སེལ་བའི་སྒྲུབ་པ་གཉིས། ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།
སྒྲུབ་པ་ (2)
Part of speech མིང་ཚིག
Definition མདོ། ལམ་བདེན་གྱི་ཁྱད་ཆོས་སུ་གྱུར་པའི་སྒྲུབ་པ་ཞེས་པ་ནི། བདག་མེད་རྟོགས་པའི་ཤེས་རབ་ཡུལ་གྱི་གནས་ལུགས་ལ་ལོག་པར་ཞུགས་འདོད་པའི་ལོག་རྟོག་གཉེན་པོར་མདོ་ལས་གསུངས་ཞིང། བདག་མེད་རྟོགས་པའི་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པས་ན་སྒྲུབ་པ་ཞེས་བརྗོད་དེ། དེ་ལྟར་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ལམ་གྱི་བདེན་པ་ནི། རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དངོས་སུ་སྤོང་བའི་གཉེན་པོ་བར་ཆད་མེད་ལམ་དང། དེའི་སྤངས་པ་ལ་དབང་བྱེད་པ་རྣམ་གྲོལ་ལམ་དང་གཉིས་ཀྱིས་བསྡུས་པའི་འཕགས་པའི་ཡེ་ཤེས་རྣམས་ཡིན་ལ། དེ་ལ་ཡང་ཐར་ལམ་གཏན་མེད་དུ་འཛིན་པ་དང། བདག་མེད་རྟོགས་པའི་ཤེས་རབ་ཐར་ལམ་མ་ཡིན་པར་འཛིན་པ་དང། དེ་ཡུལ་གྱི་གནས་ལུགས་ལ་ལོག་པར་ཞུགས་པར་འཛིན་པ་དང། དེས་སྡུག་བསྔལ་གཏན་ནས་ཟད་པར་བྱེད་མི་ནུས་པར་འཛིན་པའི་ཕྱིན་ཅི་ལོག་བཞིའི་གཉེན་པོར་བསྒོམ་པར་བྱ་པ་ལམ་གྱི་བདེན་པའི་རྣམ་པ་བཞི་སྟེ། འདི་ལྟར། བགྲོད་པར་བྱེད་པའི་དོན་གྱིས་ན་ལམ་དང། ཉོན་མོངས་པའི་གཉེན་པོ་བྱེད་པས་ན་རིགས་པ་དང། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་དོན་གྱིས་ན་སྒྲུབ་པ་དང། རྟག་པའི་གནས་སུ་གདོན་མི་ཟ་བར་ཕྱིན་པར་བྱེད་པས་དོན་གྱིས་ན་ངེས་འབྱིན་གྱི་རྣམ་པ་དང་བཞིའོ། །རྟག་པའི་གནས་ཞེས་པ་ནི་སླར་མི་ལྡོག་པའི་གནས་གྱི་དོན་ནོ། །ཞེས་གསུངས།
Domain ཆོས་ལུགས།
སྒྲུབ་པ་ (3)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྒྱུད་ཀྱི་དངོས་པོ་དགུའམ་བཅུ་གཅིག་གི་ཡ་གྱལ་ཏེ། དཀོན་ཅོག་འགྲེལ་ལས། སྒྲུབ་པ་ནི་སྔགས་ཀྱི་ལྷ་རྣམས་མཉེས་པར་བྱས་པའི་མཚན་ཉིད་ཀྱི་སྒོ་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐབས་སུ་གྱུར་པ་བསྙེན་སྒྲུབ་གཉིས་དང་ཡན་ལག་བཞིས་བསྡུས་པའོ། །སྒྲུབ་པར་བྱེད་པས་སྒྲུབ་པ་སྟེ། དོན་ལེན་ཅིང་ཐོབ་པར་བྱེད་པ་ལ་བཤད་དོ། །ཞེས་དང་། འོད་གསལ་སྙིང་པོ་ལས། དེ་ཡང་སདྷནའི་སྒྲ་ལས་ཀུན་ཏུ་ལེན་པ་སྟེ་འདོད་པའི་དོན་ལེན་ཅིང་ཐོབ་པར་བྱེད་པའམ་སྒྲུབ་པར་བྱེད་པས་ན་སྒྲུབ་པ་ཞེས་བྱ་བ་དང་། ཡང་སིདྡྷིའི་སྒྲ་ལས་དངོས་གྲུབ་སྟེ་བསྒྲུབ་པར་བྱ་བའི་དངོས་གྲུབ་ཀྱི་རིམ་པ་སྣ་ཚོགས་ཀྱི་སྒོ་ནས་དེ་དང་དེ་སྒྲུབ་པ་ལ་དངོས་གྲུབ་ཀྱི་མིང་གིས་བརྗོད་ལ། ངོ་བོ་ནི་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱི་སྒོ་ནས་དོན་དུ་གཉེར་བྱ་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་འདོད་པ་སྒྲུབ་པར་བྱེད་པ་བསྙེན་སྒྲུབ་ཀྱིས་བསྡུས་པའོ། །ཞེས་གསུངས་སོ། །