96723
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་འཚེ་ཞིང་བཀའ་མི་གཅོག་པ། ༢ བླ་མའི་ཡུམ་ལ་མི་སྤྱོད་པ། ༣ དད་པ་ཅན་གྱི་ཚོགས་མི་བཅག་པ། ༤ དཀོན་མཆོག་དང་མཁས་པའི་དཀོར་ལ་མི་འབག་ཅིང་ཆང་མྱོས་པར་མི་འཐུང་བ། ༥ རྡོ་རྗེ་སྤུན་གྱི་ཡུམ་ལ་མི་སྤྱོད་པ། ༦ མཚན་དང་མི་ལྡན་པའི་གཟུངས་མ་མི་བསྟེན་པ། ༧ མཚན་ཉིད་དང་མི་ལྡན་པའི་དམ་རྫས་མི་བསྟེན་པ། ༨ མཁས་པའི་ཡོན་ཏན་ལ་མི་སྨོད་པ། ༩ སྣོད་མིན་ལ་གསང་ཆོས་མི་སྟོན་པ། ༡༠ མཚན་ལྡན་གྱི་གཟུངས་མ་དང༌། སྣོད་ལྡན་གྱི་སློབ་མ་མི་སྤང་བ། ༡༡ དོན་བདེ་སྟོང་དང་རྟགས་ཡབ་ཡུམ་མི་འབྲལ་བ། ༡༢ མཆེད་ལྕམ་ལ་ཀྱལ་ཁ་ཙམ་དུའང་ནང་འཐབ་མི་བྱེད་པ། ༡༣ གཞན་གྱིས་སྤྱད་པའི་ལྷག་མ་མི་སྤྱོད་པ། ༡༤ བླ་མའི་གདན་ས་མི་རློམས་པ། ༡༥ རང་གཞན་གྱི་མཚམས་མི་དབྲལ་བ། ༡༦ ཏིང་ངེ་འཛིན་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བ། ༡༧ བཟླས་པ་དང་ཆོ་ག་མི་ཚིག་གིས་བར་མི་གཅོད་པ། ༡༨ དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་བརྡའ་མི་བརྗེད་པར་བྱ་བ། ༡༩ རྣལ་འབྱོར་བའི་དཀྱིལ་འཁོར་མི་དཀྲུག་ཅིང་སྐྱེ་བོའི་མཐུ་ཟློག་མི་བྱེད་པ། ༢༠ སློབ་དཔོན་གཙུག་ཏུ་འཁུར་བ་ལས་ཉམས་པར་མི་བྱ་བ་བཅས་སོ། ། |
| Domain | ཆོས་ལུགས། |