96724

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲུབ་པའི་དམིགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འདིར་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་བདེན་པ་བཞི་ལ་གཞག་པ་དང། དམིགས་པ་ཆོས་རྣམས་ཐམས་ཅད་དེ་ཅེས་པའི་སྐབས་སུ་ཆོས་ཐམས་ཅད་ལ་གཞག་པ་དང། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་པའི་སྐབས་སུ་བདེན་པའི་དངོས་པོ་མེད་པ་ལ་གཞག་པ་གསུམ་གྱི་ཁྱད་པར་ནི་རྟོགས་རིགས་ཐུན་མོང་བའི་དམིགས་པ་དང། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་ཀྱི་དམིགས་པ་དང། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པའི་དབང་དུ་བྱས་པའོ། །གཞན་དག་ནི་ཐེ་ཚོམ་ཙམ་ཡང་མ་ཞུགས་པར་སྣང་ངོ། །རྟོགས་རིགས་ཐུན་མོང་གི་དབང་དུ་བྱས་ན་ཐེག་ཆེན་གྱི་སྒྲུབ་པས་ཀྱང་བདེན་པ་བཞི་ལ་དམིགས་ཏེ། སྐབས་གསུམ་པར་བསྟན་པའི་མཐོང་ལམ་གྱི་དམིགས་པ་བདེན་བཞི་ལ་བཤད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། འདི་འཆད་པ་ལ། མདོར་བསྟན། ཅུང་ཟད་བཤད། རྒྱས་པར་བཤད་པ་དང་གསུམ་ལས། དང་པོ་ནི། ཆོས་ཐམས་ཅད་ཆོས་ཅན། འདིར་བསྟན་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་དེ་ཡང་དབྱེ་ན་གསུམ་དུ་ཡོད་དེ། དགེ་མི་དགེ་ལུང་མ་བསྟན་གསུམ་དུ་ཡོད་པའི་ཕྱིར། གསུམ་པ་ནི། འདིར་བསྟན་སྒྲུབ་པའི་དམིགས་པ་ཆོས་ཅན། ཁྱོད་ལ་རྒྱས་པར་ཕྱེ་ན་བརྒྱད་ཡོད་དེ། ལམ་གྱི་སྒོ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་གཉིས། སྤང་གཉེན་གྱི་སྒོ་ནས་དབྱེ་ན། ཟག་བཅས་དང་ཟག་མེད་གཉིས། བདེན་གཉིས་ཀྱི་སྒོ་ནས་འདུས་བྱས་དང་འདུས་མ་བྱས་གཉིས། འབྲས་བུའི་སྒོ་ནས། སློབ་མ་ཉན་ཐོས་དང་ཐུན་མོང་བའི་ཡོན་ཏན་དང། སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་གཉིས་ཡོད་པའི་ཕྱིར། ཞེས་པ་ནི། འཇིག་རྟེན་པ་ཡི་རྟོགས་པ་དང་། །ཞེས་པ་ནས། གང་དག་ཐུབ་པའི་ཐུན་མོང་མིན་ཞེས་པའི་བར་གྱིས་བསྟན། ཚིག་རྐང་ཕྱི་མ་འདིས་འབྲས་བུ་སངས་རྒྱས་སའི་ཆོས་རྣམས་ཀྱང་སྒྲུབ་པའི་དམིགས་པ་ཡིན་པར་བསྟན་ནོ། །དེ་སྒྲུབ་པའི་དམིགས་པ་ཡིན་པའི་རྒྱུ་མཚན་ཡང། བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཡོན་ཏན་དེ་རྣམས་ད་ལྟ་མངོན་སུམ་དུ་རྟོགས་པ་མ་ཡིན་ཀྱང་། འབྲས་བུ་མཐར་ཐུག་ཐོབ་པ་ལ་ཡོན་ཏན་དེ་དག་ལ་སྒྲོ་འདོགས་ཆོད་ནས་བསྒོམ་པས་ཉམས་སུ་བླངས་པ་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱིས་བཀའ་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།