96736
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་སྒྲུབ་པའི་ལས་རིམ་ལ་ཡན་ལག་བཅོ་བརྒྱད་ཡོད་པ་དེ་ཡིན་ལ། དེ་ཡང་བཅོ་བརྒྱད་ཀྱི་གྲངས་ནི། ཨ་དཀར་ཐེག་པའི་མདོ་ལས། ཐོག་མར་གཞི་ཡི་ཡན་ལག་དྲུག ། ངོ་མཚར་ལམ་གྱི་ཡན་ལག་དྲུག ། མཐར་ཕྱིན་འབྲས་བུའི་ཡན་ལག་དྲུག ། བཅོ་བརྒྱད་དག་ཏུ་ཤེས་པ་སྟེ། །ཞེས་གསུངས་པ་ལྟར་རོ། །དེ་དག་ནང་གསེས་ཀྱི་དོན་རྣམས་མ་ཚིག་རང་རང་གི་སྐབས་ན་གསལ། |
| Domain | ཆོས་ལུགས། |