96741

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲུབ་པའི་རྟགས་དགུ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྐུ་གསུང་ཐུགས་ཀྱི་རྟགས་གསུམ་གསུམ་ཚང་པས་དགུ་སྟེ། སྐུ་ཡི་རྟགས་གསུམ་ནི། སྐུ་སྟོད་ལྷ་ཡི་རྫུ་འཕྲུལ་སྟོང་དང་ལྡན་ནས་མཆིས་པ། ཞབས་ལ་འབྱུང་བ་ལྔའི་འཁོར་ལོ་བསྐོར་ཞིང་མཆིས་པ། དབུ་ལ་ཨུ་དུ་འབར་རྭ་ལ་སྤྲུལ་པའི་འོད་ཟེར་བདུན་ཁྲི་དུས་གཅིག་ཤར་ནས་མཆིས་སོ། ། གསུང་གི་རྟགས་གསུམ་ནི། གཡུང་དྲུང་གི་བོན་ཟབ་ལ་གཏིང་རིང་བ་རྒྱ་མཚོ་ཙམ་ཞིག་བློ་སྦྱངས་ནས་མཆིས་པ། སྨྲང་ཚིག་ཆུ་བོའི་གཞུང་ཙམ་ཞིག་ཞལ་ནས་འདོན་ཞིང་མཆིས་པ། གཏོད་སྤྱད་(དཔྱད་)རླབས་ཆེ་བ་མང་(མིང་)མེད་པ་སྦྱངས་ནས་མཆིས་སོ། །ཐུགས་ཀྱི་རྟགས་ནི། ཐུགས་དཀྱིལ་ནས་གསལ་བའི་ཐུགས་ལ་ཡི་གེ་ཨ་དཀར་པོ་ཞིག་གསལ་ཞིང་མཆིས་པ། མན་ངག་བདེན་པའི་ལུང་ཉིས་ཁྲི་གཅིག་བདུན་སྟོང་ཐུགས་ལ་བཀྲམ་པ། གསང་སྔགས་ཐེག་ཆེན་བསྐྱེད་རྫོགས་ཟབ་མོ་ཐུགས་ལ་གསལ་བ་མཆིས་པ་བཅས་དགུ་དེའོ། །རྟགས་དེ་དག་སྲས་འཆི་མེད་གཙུག་ཕུད་དེ་ཉིད་དགུང་ལོ་གསུམ་ལོངས་དུས། ཡུམ་བཟང་ཟ་རིང་བཙུན་གྱིས་བོར་ནས་འོག་མིན་དུ་ཡབ་འཕྲུལ་གཤེན་སྣང་ལྡན་གྱི་དྲུང་དུ་ཕྱིན་ནས་གསང་སྔགས་ཀྱི་བོན་གསན་ཏེ། སླར་དགུང་ལོ་དགུ་ལོངས་སྐབས་ཡུམ་དང་མཇལ་སྐབས་ཡུམ་གྱིས་སྲས་ལ་གང་དུ་བྱོན་ཞེས་དྲིས་པ་ལ། སྲས་ཀྱིས་ཡབ་ཀྱི་གམ་དུ་བོན་གསན་ཕྱིན་ཞེས་གསུངས་པ་ལ། ཡུམ་གྱིས་བོན་གསན་པའི་རྟགས་གང་ཡོད་ཞུས་སྐབས་སྲས་འཆི་མེད་གཙུག་ཕུད་ཀྱིས་བོན་གསན་པའི་རྟགས་འདི་དག་གསུངས་པར་བཤད་དོ། །
Domain ཆོས་ལུགས།