96783

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:20, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲུབ་འཇུག་ (1)
Part of speech མིང་ཚིག
Definition རང་གི་ཡུལ་ལ་འཇུག་པ་དེའི་ཚེ། སྒྲུབ་པ་རང་མཚན་དངོས་པོའི་གནས་ཚུལ་དང་མཐུན་པའམ་དངོས་པོའི་རྣམ་པ་གཏད་སྟོབས་ཀྱིས་འཇུག་པ། རྟོག་མེད་མ་འཁྲུལ་བའི་ཤེས་པ་ཚང་མ་དེ་ཡིན་པར་བཞེད། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ཡུལ་ལ་བརྡ་དབང་གིས་འཇུག་པ་དང། རང་ཡུལ་དངོས་དབང་གིས་འཇུག་པ་རིམ་པ་བཞིན་སེལ་འཇུག་དང་སྒྲུབ་འཇུག་གི་མཚན་ཉིད་དུ་བྱའོ། །
Domain ཚད་མ།
སྒྲུབ་འཇུག་ (2)
Part of speech མིང་ཚིག
Definition སྒྲུབ་འཇུག་གི་མཚན་ཉིད་ནི། རིགས་མི་མཐུན་པ་རྣམ་པར་བཅད་པ་ལ་མི་ལྟོས་པར་སྣང་བ་ཙམ་གྱི་སྒོ་ནས་འཇུག་པའི་ཡུལ་ཅན། སྒྲུབ་འཇུག་ལ་དབྱེ་བ་ལ། འཁྲུལ་པ་ནི། རྟོག་མེད་ལོག་ཤེས་རྣམས་སོ། །མ་འཁྲུལ་པ་ནི། མངོན་སུམ་རྣམས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
སྒྲུབ་འཇུག་ (3)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། སྒྲུབ་འཇུག་གི་མཚན་ཉིད། ཆོས་དེའི་ཡུལ་ཅན་གང་ཞིག ཆོས་དེ་དང་ཡིན་ཁྱབ་མཉམ་པའི་ཆོས་ཀུན་ཡོད་ན། ཁྱོད་ཀྱིས་ཡུལ་དུ་བྱེད་པ། ཞེས་དང་། ཡང་ན་མཚན་ཉིད། ཆ་ཤས་སུ་ཕྱེ་ནས་ཡུལ་དུ་མི་བྱེད་པ་ཞེས་རུང་ངོ༌། །ཞེས་དང་། དབྱེ་ན་སྒྲུབ་འཇུག་འཁྲུལ་ཤེས་དང༌། མ་འཁྲུལ་བའི་ཤེས་པ་གཉིས། ཞེས་གསུངས།