96883
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ༡ ས་སྒྲོན་པ་ཆད་པའམ་མཆོད་རྟེན་ཁྱིམ་ནས་མཐོང་བ། ༢ གནམ་སྒྲོན་མདའ་ཁུང་ཟངས་ཐལ་དུ་མཐོང་བ། ༣ ཤིང་སྒྲོན་གདུང་མ་ཚུར་མཐོང་བ། ༤ ཆུ་སྒྲོན་མདའ་ཁུང་ཆུ་དཀར་ལ་འཁྱིལ་བ་མཐོང་བ། ༥ མེ་སྒྲོན་ཁྱིམ་མཚེས་ཀྱི་མེ་རང་ཁྱིམ་ནས་མཐོང་བ། ༦ གཡག་སྒྲོན་བུག་པ་ནས་ཁྱིམ་མཚེས་རང་འཐག་མཐོང་བ། ༧ ཟུར་སྒྲོན་ཁྱིམ་མཚེས་རྩིག་ཟུར་ལ་ཐུག་པ། ༨ སྒོ་སྒྲོན་ཕྱི་སྒོ་ནང་སྒོ་མཛོད་སྒོ་གསུམ་པོ་ཟངས་ཐལ་དུ་སོང་བ། ༩ ལམ་སྒྲོན་ལམ་ཁ་བྲག་གི་བར་ན་གྲོང་ཡོད་པ། ༡༠ མདུང་སྒྲོན་ཉི་མ་རྩེ་ཤར་བའི་དང་པོ་ཤར་བ། ༡༡ འཇག་སྒྲོན་འཇག་འབྲས་སོགས་ཀྱིས་མི་རུང་མཚན་མ་མཐོང་བ། ༡༢ མཁར་སྒྲོན་ཁྱིམ་གཞན་ཁང་པའི་མི་རུང་མཚན་མ་མཐོང་བ། ༡༣ བྲག་སྒྲོན་བྲག་མི་རུང་བ་མཐོང་བ། ༡༤ རི་སྒྲོན་རིའི་མཚན་མ་འཇིགས་པ་མཐོང་བ་རྣམས་སྒྲིབ་པའི་ཐབས་ལ་འབད་པར་བྱ་བ་བཅས་སོ། ། |