From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྒྲོན་མ་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། བླ་མེད། ཙིཏ་ཤའི་སྒྲོན་མ། དཀར་འཇམ་རྩའི་སྒྲོན་མ། རྒྱང་ཞགས་ཆུ་ཡི་སྒྲོན་མ། ཙིརྟ་ཤ་ཡི་སྒྲོན་མ་ནི་རང་གི་སྙིང་གི་ནང་དུ་རྩ་དབུ་མ་གསེར་གྱི་རྒྱ་མཚོ་དེ་ལས་གྱེས་པའི་རྩ་འདབ་བཞི་དང་བརྒྱད་བཅུ་དྲུག་སོགས་ཀྱི་ནང་དུ་ད་ལྟ་གཞི་ལ་བཞུགས་པའི་རང་བྱུང་ལྷ་སྐུ་སྒྱུ་འཕྲུལ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས་རླུང་སེམས་དབྱེར་མེད་འོད་དང་འོད་ཀྱི་རང་བཞིན་ཤིན་ཏུ་གསལ་བ་སྐུ་ཡུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་ཞེས་ཡེ་ཤེས་རང་བཞིན་གསལ་ལ་འོད་འཚེར་བར་བཞུགས་པའོ། །དཀར་འཇམ་རྩའི་སྒྲོན་མ་ནི་དེ་ལས་གྱེས་པའི་སྣང་བྱེད་ཀྱི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཞེས་འོད་ཀྱི་རང་བཞིན་ཅན་ཁྲག་དང་ཆུ་སེར་མེད་པ་རླུང་གིས་སྦྱང་བ་རྩ་བ་ཕྲ་བ་གཙོ་བོ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་ཟུགས་པ་རྩེ་ཡེལ་བ་མིག་འབྲས་རྒྱང་ཞགས་ཆུ་སྒྲོན་གྱི་དབུས་སུ་ཟུགས་པ། ལྗང་ཞགས་ཆུ་ཡི་སྒྲོན་མ་ནི་མིག་ཚིལ་ནང་དུ་སྒོར་མོ་དྭངས་ཤེལ་ལྟ་བུའི་པགས་པ་སྲབ་མཁྲིག་གི་ནང་དུ་སྨན་བའི་གསེར་ཞགས་ཅན་ཆུ་གསེར་གྱི་དྭངས་མ་ལྗང་ནག་དང་འདྲེས་པའི་ནང་དུ་ཡུལ་བཟུང་སྣང་ཐམས་ཅད་མ་འདྲེས་པར་འཆར་བའི་དབུས་སུ་མཐོང་བྱེད་ཀྱི་རྩ་སྒོ་ཉིད་ཟུགས་ནས་ཡོད་དོ། །
|
| Domain
|
ཆོས་ལུགས།
|
སྒྲོན་མ་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
ཕྱི་ཡི་སྒྲོན་མ་གསུམ། དམིགས་སུ་མེད་ཀྱང་བློ་ཡུལ་མི་ཆུད་པ་ཉིད་ཀྱང་མེད་ཀྱང་མིག་པགས་ཀྱི་ས་མཚམས་སུ་པགས་པའི་འོད་དམར་པོའི་མཚམས་སུ་མིག་པགས་ཀྱི་དྲི་མའི་རྣམ་པ་འོད་ནག་པོ་འོད་ལྗང་ནག་འཕྲེང་དུ་གོར་མོར་འཆར་བ་ནི་ཆོས་ཉིད་དབྱིངས་ཀྱི་ངོ་བོའོ། །ཐིག་ལེ་སྟོང་པའི་སྒྲོན་མ་ནི་སྔ་མའི་དབྱིངས་དེ་ཡི་སྟེང་དུ་མ་བཀོད་ཀྱང་ཚོམ་བུ་ལྟ་བུ་ཐིག་ལེ་ཆེ་བ་ཕུབ་སྐོར་དང་ཀོ་མོག་ཏུ་རྡོ་སྐྱུར་བ་ལྟ་བུ་མི་ཁྱུད་མང་པོ་ཅན་ཁ་དོག་གཅིག་དང་གཉིས་གསུམ་སྣ་ལྔ་དང་དྲུག་པོ་འཆར་རོ། །དེ་ལྟར་གྱི་ཐོག་མཐའ་ཀུན་ཏུ་སྤྲུལ་སྐུ་དྲང་སྲོང་ཙོག་པུའི་འདུག་སྟངས་རྐང་གཤིབ་པུས་མོ་་བར་ལག་གཉིས་ཅི་བདེར་འཁྱུད་པ་སྟེ་གང་ལྟར་བཞུགས་སྟངས་གསུམ་ཀར་སྒལ་ཚིགས་དྲང་པོར་སྲང་ཞིང་ཨོས་ཀེས་ཨོལ་མདུད་གནན་ཅིང་རྐང་པའི་མཐེ་བོང་བསྐུམ་འོག་རླུང་ཅུང་ཟད་ཡར་འཐེན་ནས་ལྟ་སྟངས་མིག་ཟིམ་བུས་དབྱིངས་དང་ཐིག་ལེར་གཅུན་པས་དེ་དག་གི་ཚུན་དང་མིག་སྒོའི་ཕན་ཙམ་གྱི་བར་དུ་ནམ་མཁའ་ནས་བྱ་ཁྲུང་ཁྲུང་འགྲོ་བ་དང་སྤུ་ཉག་མདུད་པ་ཤེལ་ཕྲེང་དུམ་བུ་མུ་ཏིག་གི་དྭོགས་པ་སྦྲུལ་ཤུན་རླུང་གིས་ཁྱེར་བ་ལྟ་བུའི་ཡེ་རེ་རེ་ཐོགས་མེད་དུ་གཡོ་ཞིང་འགྲོ་བ་འདི་ནི་རང་སེམས་དང་པོའི་སངས་རྒྱས་སེམས་རང་རིག་རྡོ་རྗེ་ལུ་གུ་རྒྱུད་དམ་ཡེ་ཤེས་རིག་པའི་སྒྲོན་མ་ཉིད་དོ། །
|