96920

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:23, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྲོལ་དཀར་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སྒྲོལ་དཀར་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཉེར་བརྒྱད་པ་ཡིན། བརྗོད་བྱ་ནི། སྔོན་འགྲོ་ཚེ་སྲོག་སྤེལ་བའི་རླུང་སྦྱོར་གནད། །དངོས་གཞི་ཚེ་སྒྲུབ་ཏིང་འཛིན་རྩེ་གཅིག་དང་། །རྗེས་སྦྱོར་འཆི་བདག་ལས་རྒྱལ་ཡིད་བདེ་ཡིས། །འཆི་མེད་དངོས་གྲུབ་ཐོབ་པར་ཞེས་གསུང་པ་ལྟར་ཚེ་བསྐྱེད་ཅིང་བྱང་ཆུབ་གྲུབ་པའི་དམིགས་རིམ་རྣམས་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། ཚེ་དཔག་མེད་མགོན་ཡིད་བཞིན་འཁོར་ལོའི་ཡུམ། །ངག་དབང་གྲགས་པ་ཤྲདྡྷཱ་ཀ་ར། །གསེར་གླིང་པ་དང་ཇོ་བོ་བཤེས་གཉེན་འབྲོམ། །སྤྱན་སྔ་བྱ་ཡུལ་བ་དང་འཆད་ཀ་བ། །སྒྱེར་སྒོམ་གཞོན་གྲགས་སྒོམ་པ་སེང་གེ་སྐྱབས། །མཆིམས་ཆེན་ནམ་མཁའ་རྒྱང་རོ་བྱང་ཆུབ་འབུམ། །མཆིམས་སྟོན་བློ་གྲགས་གྲོ་སྟོན་ཀུན་དགའ་རྒྱལ། །སྤང་སྟོན་གྲུབ་པ་ཤེས་རབ་སྤྱང་ལུང་པ། །ཤཱཀྱ་མཆོག་ལྡན་གཞོན་ནུ་ཆོས་གྲུབ་མཚན། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་དང་། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གསུང་རྒྱུན་ལས་བྱུང་བའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།