97076

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྔགས་ཀྱི་ནུས་འབྱུང་བྲམ་ཟེའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། དེ་ཡང་བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་གྲོགས་བཙལ་ཅིང་བསྟེན་པའི་དོན་ལ་བྱ་སྟེ། དེ་ཡང་དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། མདོག་སེར་ལྕེ་བདེ་མཆུ་སུལ་དོད། །སྔགས་ཀྱི་ནུས་འབྱུང་བྲམ་ཟེའི་གྲོགས། །ཞེེས་གསུངས་པས། དེ་ལ་ཡང་ལུས་ཀྱི་མདོག་སོགས་སེར་ལ་སྨྲ་བའི་ལྕེ་བདེ་ཞིང་མཆུ་སུལ་དུ་དོད་པ་སྔགས་ཀྱི་ནུས་པ་འབྱུང་བའི་གྲོགས་ལ་བྱའོ། །དེ་ལ་བྲམ་ཟེའུའི་གྲོགས་ཞེས་སྨོས་པ་ནི་མཚན་ལྟས་ཀྱི་སྒོ་ནས་བརྗོད་པར་མངོན་ནོ། །
Domain ཆོས་ལུགས།