97170
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ས་སྐྱ། བདེ་སྟོང་དབྱེར་མི་ཕྱེད་པའི་རང་བཞིན་ནི་ཕྱག་རྒྱ་ཆེན་པོ་ངོ་བོ་ཉིད་ཀྱི་སྐུའོ། །བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པ་ནི་དམ་ཚིག་གི་ཕྱག་རྒྱ་ཆོས་ཀྱི་སྐུའོ། །ཡུལ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་བདེེ་བ་ཆེན་པོའི་ཆོས་ཀྱི་ཕྱག་རྒྱ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་ཞིང་སྡུད་པ་ནི་ལས་ཀྱི་ཕྱག་རྒྱ་སྤྲུལ་པའི་སྐུའོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། |
| Domain | ཆོས་ལུགས། |