97179

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྔགས་སྡོམ་ཐོབ་པའི་དུས་ (1)
Part of speech མིང་ཚིག
Definition སྔགས། ས་སྐྱ། སྤྱིར་སྔགས་སྡོམ་ལ་ཁས་བླངས་གྱིས་ཐོབ་པ་དང། ཆོ་གས་ཐོབ་པ་གཉིས་ལས། དང་པོ་ནི་སྟ་གོན་དང་འཇུག་པའི་ཆོས་ཀྱི་སྐབས་སུ་ཐོབ་ཀྱང་དངོས་གཞིའི་ཆོ་ག་ལ་མ་ལྟོས་པར་སྐབས་དེར་ཁས་བླངས་པའི་དམ་ཚིག་རྣམས་ཀྱང་བསྲུང་བར་དབང་བ་མ་ཡིན་ནོ། །འོ་ན་ཁས་བླངས་ཀྱིས་ཐོབ་ཚུལ་ཇི་ལྟར་སྙམ་ན། དབང་གི་དངོས་གཞི་ལ་བརྟེན་ནས་སྔགས་སྡོམ་མཚན་ཉིད་པ་ཐོབ་པའི་ཚེ་དམ་ཚིག་དང་སྡོམ་པ་འདི་དག་བསྲུང་བར་བྱའོ། །ཞེས་པའི་ཚུལ་གྱིས་སོ། །གཉིས་པ་ཆོ་གས་ཐོབ་པ་ནི། སྔགས་སྡོམ་གྱི་གཙོ་བོ་ཡིན་པས་རྒྱུད་སྡེ་བཞི་པོ་རང་རང་གི་རྡོ་རྗེ་སློབ་དཔོན་གྱི་དབང་ཡོངས་སུ་རྫོགས་པ་ཐོབ་པ་ན་རྒྱུད་སྡེ་དེ་དང་དེའི་སྔགས་སྡོམ་གྱི་གཙོ་བོ་ཡོངས་སུ་རྫོགས་པ་ཐོབ་པ་ཡིན་ནོ། །དེ་ལ་བྱ་རྒྱུད་ལ་ནི་ཆུ་དང་ཅོད་པན་གྱི་དབང་དང། སྤྱོད་རྒྱུད་ལ་མིང་གི་དབང་དང། རྣལ་འབྱོར་རྒྱུད་ལ་ཕྱིར་མི་ལྡོག་པའི་དབང་དང། བླ་མེད་ལ་དབང་བཞི་རྫོགས་པར་ཐོབ་པའི་ཚེ་རྡོ་རྗེ་སློབ་དཔོན་གྱི་དབང་བཞི་རྫོགས་པར་ཐོབ་པ་ཡིན་པས། སྐབས་དེ་དང་དེར་རྒྱུད་སྡེ་རང་རང་གི་སྔགས་སྡོམ་རྫོགས་པར་ཐོབ་པ་ཡིན་ནོ། །བླ་མ་གོང་མའི་གསུང་ལས་བུམ་དབང་གི་སྐབས་སུ་སྔགས་སྡོམ་རྫོགས་པ་གསུངས་པ་ནི། དཔེར་ན་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུང་བ་ལ་དབང་བའི་སྡོམ་པ་ལ་དགེ་སློང་གི་སྡོམ་པར་འཇོག་པ་ལྟར། རྩ་ལྟུང་བཅུ་བཞི་དང་ཡན་ལག་གི་ལྟུང་བ་བརྒྱད་བསྲུང་བ་དབང་བའི་སྔགས་སྡོམ་སྐབས་འདིར་རྫོགས་པར་ཐོབ་པ་ལ་དགོངས་པ་ཡིན་པས་གནད་གཅིག་པ་ཡིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། ། དེ་ཡང་གནད་དྲིལ་ན། བྱ་རྒྱུད་ཀྱི་དབང་གི་དངོས་གཞི་ཆུ་དང་ཅོད་པཎ་གྱི་དབང་གཉིས་རྫོགས་པའི་ཚེ་ན། བྱ་རྒྱུད་ཀྱི་སྔགས་སྡོམ་རྫོགས་པར་ཐོབ། སྤྱོད་རྒྱུད་ལ་ཆུ་དང་ཅོད་པཎ། རྡོ་རྗེ་དྲིལ་བུ། མིང་གི་དབང་དང་ལྔ་རྫོགས་པའི་ཚེ་ན་དེའི་སྔགས་སྡོམ་རྫོགས་པར་ཐོབ། རྣལ་འབྱོར་རྒྱུད་ལས། རིག་པའི་དབང་ལྔ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་དང་དྲུག་རྫོགས་པའི་ཚེ་ན་དེའི་སྔགས་སྡོམ་རྫོགས་པར་ཐོབ། བླ་མེད་ཀྱི་དབང་བཞི་རྫོགས་པའི་ཚེ་ན་བླ་མེད་ཀྱི་སྔགས་སྡོམ་རྫོགས་པར་ཐོབ་པ་ཡིན་ཏེ། རྒྱུད་སྡེ་རང་རང་གི་དབང་གི་དངོས་གཞིའི་ཆོ་ག་ནི་རྒྱུད་སྡེ་དེ་དང་དེའི་སྔགས་སྡོམ་འབོགས་བྱེད་ཀྱི་ཐབས་ཀྱི་གཙོ་བོ་ཡིན་པའི་ཕྱིར། བླ་མེད་ཀྱི་སྔགས་སྡོམ་རྫོགས་པ་ལ་དབང་བཞི་རྫོགས་པ་དགོས་པ་འདི་ནི། ས་ལུགས་ཀྱི་གྲུབ་མཐའ་གཙང་མ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་ཁ་སྐོང་གི་རྣམ་བཤད་རྒྱན་གྱི་མེ་ཏོག་ལས་སོ། །
Domain ཆོས་ལུགས།