97235
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བར་ཨ་ར་འདྲ་བའི་རྩ་ཕྲན་ཕྲ་ལ་མང་བ་དང༌། ལོ་མ་སྔོ་ལྗང་རྒྱབ་སྐྱ་བ་བྱ་སྤུ་གནོན་པ་ལྟར་རིམ་བཞིན་བརྩེགས་པའི་ཚགས་དམ་ཞིང༌། སྤྱིའི་དབྱིབས་པདྨའི་གདན་བཞིན་སྐྱེ་བ་དང༌། ལོ་ལྷེབ་རེ་རེའི་དབྱིབས་རླུང་གཡབ་འདྲ་བ་དེ་ས་ལ་ཉལ་ནས་སྐྱེ་བ། དགུན་དུས་ལོ་མ་རྣམས་བྱའི་སྡེར་མོ་བསྐུམས་པ་ལྟར་རུབ་ནས་འཁུམ་ཡང་སྤྱིར་བཏང་རང་མདོག་མི་ཉམས་པ་སྡོད་ཅིང་སྡོང་པོ་དང་མེ་ཏོག་གང་ཡང་མེད་པ་སྟེ། བོད་ཀྱི་ས་གནས་མང་ཆེ་བའི་རི་ལྡེབས་ཀྱི་སྤང་དང༌། བྲག་གསེབ་ཏུ་སྐྱེ་བ། ལོ་མ་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཆུ་བསགས་པའི་ནད་དང༌། ཡན་ལག་སྐྲངས་པ། རུས་པ་གས་པ་སོགས་ལ་ཕན་པ་ཡིན། |