97306
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བ། མངོན་ཤེས་དྲུག་གི་ནང་གསེས་ཤིག་དང། དེ་ཡང་རང་གཞན་གང་རུང་གི་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པའི་མངོན་ཤེས་ཏེ། དེ་ལ་དངོས་བཏགས་མ་ཕྱེ་བར་དབྱེ་ན། སྒོམ་བྱུང་གི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས། སྐྱེས་ཐོབ་ཀྱི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས། ལས་ཀྱི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་གསུམ་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། སྔོན་གནས་རྗེས་དྲན་ནི་སྒོམ་བྱུང་དང་། དེ་རྗེས་མཐུན་པ་ལ་སྐྱེས་ཐོབ་དང༌། ལས་ལས་སྐྱེས་པ་གཉིས་ཡོད་ཀྱི། སྨན་དང་སྔགས་དང་རྟོག་གེས་བྱས་པ་ནི་མེད་དོ། །ཞེས་གསུངས། དོན་གཅིག་ལ། སྒོམ་བྱུང་གི་སྔོན་གནས་རྗེས་དྲན་མངོན་ཤེས་དང་། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་སོ། ། |
| Domain | ཆོས་ལུགས། |