97356

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྔོན་བུ་དམན་པ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དང་སྡོང་པོ་སྔོན་བུ་མཆོག་ལས་ཆུང་བ་དང༌། སྡོང་པོ་ཕྲ་ལ་ཡལ་ག་མེད་པ་མཛུབ་གང་ཙམ་པ། ལོ་མ་སྔོ་སྐྱ་ཆུང་ལ་རྩུབ་པ་ཕན་ཚུན་ཁ་སྤྲོད་དུ་རིམ་པས་སྐྱེ་བ། མེ་ཏོག་སྔོ་སྐྱ་ཆུང་བ་འདབ་མ་ལྔ་དང་ལྡན་པ་སྡོང་པོའི་རྩེར་རེ་རེ་འཆར་བ་སྟེ། སྔོན་བུ་དམན་པ་མྱ་ངན་མེ་ཏོག་ཅེས་པ་དེ་ཡིན། བོད་ཀྱི་ས་ཆ་ཕལ་ཆེ་བའི་ཁ་སྟོད་སྤང་གཤོངས་རྩྭ་གསེབ་ཏུ་སྐྱེ་བ་མང༌། རྩྭ་ལོ་མེ་ཏོག་བཅས་པ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཚ་བ། ཞུ་རྗེས་མངར་བ། ནུས་པ་རྩུབ་ཅིང་ཡང་བས་མཁྲིས་པའི་ནད་རིགས་རྣམས་ཐུར་དུ་སྦྱོང་བར་བྱེད་པ་ཡིན།
Domain གསོ་རིག