97452

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྙན་ངག་གི་སྲོག་ (1)
Part of speech མིང་ཚིག
Definition སྙན་གཞུང་མེ་ལོང་མའི་ལེའུ་དང་པོར་བསྟན་པའི་ཚིགས་བཅད་སྙན་ངག་གི་མཚན་ཉིད་གཉིས་པ་སྟེ། སྙན་ངག་གི་རྒྱན་དེ་ཉིད་གང་ལ་སྦྱར་བའི་གཞི་ནི། སྔོན་འདས་པའི་དུས་སུ་བྱུང་བ་དང་། ད་ལྟར་བྱུང་བའི་གཏམ་རྒྱུད་དང་། ལོ་རྒྱུས་སྒྲུང་ལ་སོགས་པ་དང་། དཔའ་བོ་དང་མཁས་པ་སོགས་ཀྱི་རང་རང་གི་ཡོན་ཏན་ལས་བརྩམས་ཏེ་བསྔགས་པ་བརྗོད་པའམ་གཞན་ཡང་འདི་རྣམས་ཀྱི་སྒོ་ནས་སྦྱར་རུང་བ་ཞིག་ཡིན།
Example གྲོང་ཁྱེར་དང་། རྒྱ་མཚོ་དང་། རི་དང་། དུས་བཞི་དང་། ཉི་ཟླ་འཆར་ནུབ་དང་། སྐྱེད་མོས་ཚལ་དང་། ཆུའི་རོལ་རྩེད་དང་། ཆང་འཐུང་བ་དང་། གཉིས་སྦྱོར་གྱི་དགའ་སྟོན་དང་། དུས་བཏབ་སྟེ་ཚོགས་པ་དང་། གཉེན་བསུ་བ་དང་། གཞོན་ནུ་སྐྱེ་བ་དང་། དེ་ཉིད་འཕེལ་བ་དང་། གྲོས་བྱེད་པ་དང་། ཕོ་ཉ་མངགས་པ་དང་ཡུལ་གཞན་དུ་བགྲོད་པ་དང་། གཡུལ་བཤམས་པ་དང་། མངའ་ཐང་དར་བ་སོགས་ཀྱིས་བརྗོད་དོན་གང་ཡང་རུང་བའམ། ཐམས་ཅད་ཀྱིས་བརྒྱན་པར་གྱུར་ཅིང་། དེ་རྣམས་ནི་སྙན་ངག་གི་ཚིག་ཉམས་གང་ལ་འདོན་པའི་གཞིའམ་བརྗོད་བྱའི་དོན་ནམ་སྲོག་ཡིན་ནོ། །
Domain རྩོམ་རིག