From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྙིང་ (1)
| Part of speech
|
མིང་ཚིག
|
| Definition
|
དོན་སྙིང་ལྔ་པོའི་ཡ་གྱལ་ཞིག་སྟེ། བྲང་ཁོག་གི་དབུས་ཀྱི་ཅུང་ཟད་གཡོན་ཕྱོགས་སུ་ཡོད། དབྱིབས་པད་མ་དང་འདྲ། ཆེ་ཆུང་རང་གི་ཁུ་ཚུར་ཙམ་པ། སྙིང་གི་ནང་ན་ཁོང་སྟོང་བཞི་ཡོད་པ་འཕྲོ་འདུ་བྱས་ནས་ཁྲག་རྒྱུན་རྣམས་ལུས་ཀྱི་ཆ་ཤས་ཀུན་ལ་རྒྱུ་བར་བྱེད་པ་ཡིན།
|
| Keyword
|
True
|
| Example
|
སྙིང་གི་འཕར་ཚད་མགྱོགས་པ། སྙིང་གི་ན་ཚ་ལྟ་བུ།
|
| Synonyms
|
ཙིཏྟ། ཐུགས། ཀུན་སྐྱེད་བྱེད། ཆོས་ཀྱི་རྩ་འཁོར། སྙིང་པོ། རྣམ་ཤེས་རྟེན། ཆོས་ཀྱི་རྩ་བ། ནང་གི་བྱེད་པ། ཤ་ཡི་མཆོག ཤ་མཆོག སེམས་ཀྱི་ཁང་བ། སྲོག་གནས།
|
སྙིང་ (2)
| Part of speech
|
མིང་ཚིག
|
| Definition
|
སེམས་ལའང་འཇུག་སྟེ།
|
| Example
|
སྙིང་ཁམས་འཁྲུགས་པ། སྙིང་གཏམ་བཤད་པ་ལྟ་བུ།
|
སྙིང་ (3)
| Part of speech
|
མིང་ཚིག
|
| Definition
|
དཔའ་བློ་ཁོག་གི་དོན།
|
| Example
|
སྙིང་སྟོབས་ཆེན་པོ། མི་སྙིང་ཆུང་། སྙིང་མེད། སྙིང་ཆེན་ལྟ་བུ།
|
སྙིང་ (1)
| Part of speech
|
རྒྱན་ཚིག
|
| Definition
|
དབུས་སམ་ལྟེ་བ།
|
| Example
|
མཚོ་སྙིང། ཤིང་སྙིང་ལྟ་བུ།
|