97609

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:35, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྙིང་ནད་ཀྱི་དབྱེ་བ་བདུན་ (1)
Part of speech མིང་ཚིག
Definition ༡ སྙིང་འཕྱོས་པ། ༢ སྙིང་གཟེར། ༣ སྙིང་ཚད། ༤ སྙིང་ཆུ། ༥ སྙིང་འཐིབས། ༦ སྙིང་གི་སྲིན་བུ། ༧ སྙིང་ནད་ཁ་ལེ་ནག་པོའོ། །སྙིང་ནད་ཀྱི་རྒྱུ་ནི། མི་མཐུན་པའི་རྐྱེན་གྱིས་སྡུག་བསྔལ་དང་། མྱ་ངན་ཆེན་པོ་བྱུང་བ། སེམས་ཀྱི་ལས་མང་དུ་བྱས་པས་འཁྲུགས་པ། འདོད་པའི་ལས་མ་འགྲུབ་པའམ་ལས་ཉེས་ནས་ཡིད་མི་བདེ་བར་གྱུར་པ། ཡུན་རིང་པོར་ལྟོ་ཆག་དང་གཉིད་ཆག་ཤོར་བ། རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་སོགས་ཀྱིས་སྙིང་གི་ནད་རྣམས་སྐྱེད་པར་བྱེད་པ་ཡིན། སྙིང་ནད་ཀྱི་རྒྱུ་ལ་བསམ་ན་ཕལ་ཆེར་རླུང་ནད་ཀྱི་རྒྱུ་དང་འདྲ་བ་ཡོད་པས། ནད་རྟགས་མང་པོ་ཞིག་རླུང་གི་རྟགས་དང་འདྲ་བ་ཞིག་ཡིན་ལ། རྒྱུ་དང་རྐྱེན་ལ་བསམ་ནའང་ཕྱི་མ་དེ་མ་གཏོགས་ཕལ་ཆེར་རླུང་སློང་བའི་རྐྱེན་དང་འདྲའོ། །
Domain གསོ་རིག