97614

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:35, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྙིང་པོ་ (1)
Part of speech མིང་ཚིག
Definition ནང་སྙིང་གི་དོན།
Example ཤིིང་གི་སྙིང་པོ། སྙིང་པོ་མེད་པའི་ཆུ་ཤིང་། སྨྱུག་མ་ལ་སྙིང་པོ་ཡོད་མེད་རིགས་གཉིས་ཡོད་ལྟ་བུ།
སྙིང་པོ་ (2)
Part of speech མིང་ཚིག
Definition བཅུད་དམ་དྭངས་མ་སྟེ།
Example སྨན་གྱི་སྙིང་པོ། མར་གྱི་སྙིང་པོ། ཟས་ཀྱི་སྙིང་པོ་ལྟ་བུ།
སྙིང་པོ་ (3)
Part of speech མིང་ཚིག
Definition རིན་ཐང་གི་དོན།
Example མི་ཚེའི་སྙིང་པོ་ལེན་པ། ལས་ཀ་སྙིང་པོ་མེད་པ། འདི་ལྟར་བསྡད་ན་མི་ཚེ་ལ་སྙིང་པོ་ཅི་འདུག་ལྟ་བུ།
སྙིང་པོ་ (4)
Part of speech མིང་ཚིག
Definition སྤྱིར་སྙིང་པོ་ཞེས་པའི་སྐད་ལ་འཕགས་ཡུལ་དུ་གརྦྷ་ཞེས་པ་ཕྱི་རོལ་ནས་གཞན་གྱིས་བསྒྲིབས་ཤིང་དབུས་ན་ཡོད་པའི་དོན་གྱིས་ན་སྙིང་པོ། ཡང་ན་ཧྲཱིཿད་ཡ་ཞེས་པ་ནོར་གྱི་མཆོག་ལ་ནོར་གྱིི་སྙིང་པོ་འཇོག་པ་ལྟར། གཞན་ལས་མཆོག་ཏུ་གྱུར་པས་ན་སྙིང་པོ། ས་ར་ཞེས་པ་སྲ་ཞིང་བརྟན་པའི་དོན་གྱིས་ན་སྙིང་པོ། དེ་བཞིན་ཉིད་དེ་ལ་སྙིང་པོའི་དོན་གསུམ་ཆར་ཚང་བ་ཡིན་ཏེ། དེ་བཞིན་ཉིད་དེ་གཞི་དུས་སུ་གློ་བུར་གྱིིས་བསྒྲིབས་ཤིང་དེའི་དབུས་ན་ཡོད་པ་ལྟར་སྣང་བ་དང་། དེ་བཞིན་ཉིད་དེ་ཉིད་ཆོས་ཀུན་ལས་མཆོག་ཏུ་གྱུར་པ་ཡིན་པ་དང། དེ་བཞིན་ཉིད་ནམ་དུ་ཡང་འགྱུར་བ་མེད་ཅི་སྲ་ཞིང་བརྟན་པ་ཡིན་པས་སོ། །དེ་བཞིན་གཤེགས་པའི་སྙིང་པོའི་ངོས་འཛིན་ལ་བོད་ཀྱི་ཕྱོགས་འདིར་གཙོ་ཆེ་བ་གསུམ་དུ་བྱུང་སྟེ། སྙིང་པོའི་ངོས་འཛིན་ནི། རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །ཞེས་གསུངས་པ་དང། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་གསུངས་པ་ལྟར། འཕགས་པ་རྣམས་ཀྱི་སོ་སོར་རང་གི་རིག་བྱར་གྱུར་པ། གཟུང་འཛིན་གཉིས་ཀྱིས་སྟོང་བའི་སེམས་རང་བཞིན་གྱི་འོད་གསལ་བ་དེ་ནི། བདེ་བར་གཤེགས་པ་ཡང་ཡིན་ལ་སྙིང་པོ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །
Domain [ཆོས་ལུགས།, ལྟ་གྲུབ།]
སྙིང་པོ་ (5)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། སྙིང་པོ་ནི་ལྷ་རང་རང་གི་ས་བོན་དང་མཚན་སྔགས་ཡི་གེ་འབྲུ་གསུམ་གྱི་བར་དུ་སྤེལ་བར། སློབ་དཔོན་ཨ་བྷྱ་ཀ་རས་བཤད། ཉེ་སྙིང་ནི་ལྷ་རང་རང་གི་མཚན་སྔགས་ལ་རྩ་རྒྱུད་ལེའུ་དང་པོ་རྩ་འགྲེལ་ལས་བཤད། རྩ་སྔགས་སམ་འཕྲེང་སྔགས་ནི་ལེའུ་བཅུ་བཞི་པ་ལས་གསུངས་པ་ལྟར་ལྷ་མོ་བཞི་དང་ཁྲོ་བོ་བཅུའི་རྩ་སྔགས་སམ་ཕྲེང་སྔགས་ལྟ་བུ་ལ་བྱེད། ཅིའི་ཕྱིར་སྙིང་པོ་ཞེས་བྱ་ཞེ་ན། ལྷ་རྣམས་ཀྱི་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་བསྐུལ་བར་བྱེད་པས་ན་སྙིང་པོ། ཡང་དང་ཡང་དུ་བསྐུལ་བར་བྱེད་པས་ན་ཉེ་སྙིང་། དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པས་ན་རྩ་སྔགས་སམ་འཕྲེང་སྔགས་ཞེས་བརྗོད་པ་ཡིན་ནོ། །བཟླས་པའི་རྣལ་འབྱོར་བྱ་བ་འདི་སྦྱང་གཞི་ལ་ཆོས་མཐུན་སྦྱོར་རྒྱུ་མེད་ཀྱང་། ལམ་རྫོགས་རིམ་ཀྱི་སྐབས་སུ་ངག་དབེན་རྡོ་རྗེ་བཟླས་པའི་རྒྱུད་སྨིན་བྱེད་དུ་འགྱུར། འབྲས་བུ་སངས་རྒྱས་ཀྱི་སར་སྟོན་པས་གསུང་དབྱངས་ཡན་ལག་དྲུག་ཅུའི་སྒོ་ནས་གདུལ་བྱ་ལ་ཆོས་གསུངས་པ་དང་རྣམ་པ་མཐུན་ཞིང་། དེ་འགྲུབ་པའི་ལག་རྗེས་འཇོག་པའི་འབྲས་བུ་ལམ་བྱེད་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནོ། །
སྙིང་པོ་ (1)
Part of speech རྒྱན་ཚིག
Definition གཞུང་ལུགས་དང་ཚིག་གི་ནང་དོན་གཙོ་བོ་སྟེ།
Example གཞུང་དོན་སྙིང་པོ་རྟོགས་དགོས། ཚིག་དོན་སྙིང་པོ་དགྲོལ་དགོས་ལྟ་བུ།
སྙིང་པོ་ (2)
Part of speech རྒྱན་ཚིག
Definition དོན་དག་དང་དགོས་པ།
Example ལས་ཀ་སྙིང་པོ་མེད་པ་མ་བསྒྲུབ། སྐད་ཆ་སྙིང་པོ་མེད་པ་མ་བཤད་ལྟ་བུ།