From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྙིང་པོ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
བུ་རམ། ཞུན་མར། སྦྲང་རྩི། ཏིལ་མར། ལན་ཚྭ་སྟེ་ལྔ།
|
སྙིང་པོ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
རྣམ་དག་ཆོ་གའམ་ཤེར་ཕྱིན་ཆོ་གའི་དབང་སྐབས་སྙིང་པོ་ལྔ་སྟེ། ཉི་མ་དང་། ཟླ་བ། ཆུ། ས། ཤ་༼ཤེལ་༽ཆེན་གྱི་དྭངས་མ་བཅས་དང།
|
| Domain
|
ཆོས་ལུགས།
|
སྙིང་པོ་ལྔ་ (3)
| Part of speech
|
མིང་ཚིག
|
| Definition
|
བུམ་རྫས་ཉེར་ལྔ་ལས་སྙིང་པོ་ལྔ་སྟེ། ཆུའི་སྙིང་པོ་ལན་ཚྭ། མེ་ཏོག་གི་སྙིང་པོ་སྦྲང་རྩི། རྩི་ཐོག་གི་སྙིང་པོ་མར། ཤིང་ཏོག་གི་སྙིང་པོ་བུ་རམ། འབྲུ་ཡི་སྙིང་པོ་ཏིལ་དཀར་དང་ལྔའོ། །དེ་དག་ནི་སྤྱིར་དགོས་མཁོ་མང་ལ་གོ་ཡང་སླ། ཆོས་ལུགས་ཀྱི་དབང་དུ་བཤད་ན། ཞི་བའི་དཀྱིལ་འཁོར་རྩིག་ཅིང་ཆག་ཆག་གདབ་པའི་རྫས་སོགས་སུ་བླུག་དགོས་པར་གསུངས་སོ། །དེའི་དགོས་དོན། ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དེ་ཉིད་ལྷའི་གཞལ་ཡས་སུ་བསྐྱེད་ཅིང་བསྒོམ་པས་མཚན་མའི་ཕུང་པོ་ལྔ་གནས་སུ་དག་ནས་འཁྲུལ་མེད་ཀྱི་ཐུགས་ལྔ་འཐོབ་པའི་བརྡ་དོན་ཡིན་པར་བཤད་དོ། །
|
སྙིང་པོ་ལྔ་ (4)
| Part of speech
|
མིང་ཚིག
|
| Definition
|
འབྱུང་བ་ལྔའི་སྙིང་པོ་ལྔ་སྟེ། ནམ་མཁའི་སྙིང་པོ་གཡུ། སའི་སྙིང་པོ་གསེར། རླུང་གི་སྙིང་པོ་དངུལ། མེའི་སྙིང་པོ་མཆོང་། ཆུའི་སྙིང་པོ་ཤེལ་དང་ལྔའོ། །
|
སྙིང་པོ་ལྔ་ (5)
| Part of speech
|
མིང་ཚིག
|
| Definition
|
མདོ་གཟེར་མིག་ལས། གནམ་གྱི་སྙིང་པོ་གཡུ་དང་། སའི་སྙིང་པོ་གསེར་དང་། ཆུའི་སྙིང་པོ་དངུལ་དང་། མེའི་སྙིང་པོ་ཟངས་དང་། རླུང་གི་སྙིང་པོ་ལྕགས། ཞེས་སོ། །
|
སྙིང་པོ་ལྔ་ (6)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྙིང་མ། རྣམ་ཤེས་ལྔ་དག་པ་ཡེ་ཤེས་ལྔའི་རང་བཞིན། ལན་ཚྭ། སྦྲང་རྩི། བུ་རམ། མར། ཤིང་འབྲས་ཏེ་སྙིང་པོ་ལྔའོ། །
|