97688

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྙིང་འཕྱོས་ (1)
Part of speech མིང་ཚིག
Definition སྙིང་ནད་བདུན་གྱི་ནང་གསེས་ཤིག་སྟེ། ངོ་བོ་སྙིང་ནད་རླུང་མང་དུ་འཕེལ་ཞིང་འཁྱིམས་པ་ལས་སྙིང་ཉིད་གྱེན་དུ་བཏེགས་ནས་གཡོ་བར་བྱེད་པ་ཞིག་ལ་ཡིན་ཅིང༌། རྟགས་སུ་མགོ་བོ་ན་ཞིང་བརྗེད་ངས་ཆེ་བ་དང༌། ཤེས་པ་གཅིག་ཏུ་མི་གནས་པར་གར་ཡང་གཡེལ་ཞིང་འཕྱོ་བས་དོན་མེད་སྙིང་དགའ་བ། རེས་འགའ་གཞན་གྱིས་མ་དྲིས་པར་ཡང་དོན་མེད་དང་འབྲེལ་མེད་ཀྱི་མུ་ཅོར་མང་དུ་སྨྲ་ཞིང༌། རེས་འགའ་དྲིས་ཀྱང་དེ་ལ་ལན་མི་འདེབས་པ། མི་སྙན་པའི་ཚིག་གོ་བའི་ཚེ་ཡིད་དངངས་ཤིང་ཤུ་ཡིས་འདེབས་པ་དང༌། དབུགས་སྣ་ཐུང་ལ་མཚན་གཉིད་ཆུང་བ། སྙིང་ངོ་བོ་ཉིད་ཀྱིས་ངམ་སྙམ་དུ་སེམས་པ་བཅས་གཙོ་བོ་རླུང་དང་འབྲེལ་ཞིང་། རླུང་སྟོབས་ཆེ་བས་སྙིང་ཉིད་དབུགས་ཀྱིས་ཁེངས་ཏེ་ཡང་པོར་གྱུར་ནས་རླུང་གིས་ཁ་ལ་འཕྱོ་ཞིང་ལྡིང་བས་གཡོ་བ་དང་མི་བརྟན་པ་གྱེན་དུ་བཀྱག་གམ་སྙམ་པ་ལྟ་བུ་འབྱུང་བའི་སྙིང་ནད་ཀྱི་རིགས་ཤིག
Domain གསོ་རིག