97717

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྙིང་རྗེ་མཚུངས་མེད་ (1)
Part of speech མིང་ཚིག
Definition ཇོ་ནང་། དབུ་མ་གཞན་སྟོང་། སྤྱིར་ཐེག་པ་ཆེན་པོར་སེམས་ཅན་རྣམས་མི་རྟག་པ་ལ་རྟག་པར་འདུ་ཤེས་སྡུག་བསྔལ་བ་ལ་བདེ་བར་འཁྲུལ་བས་འཁོར་བ་ལ་རང་དབང་མེད་པར་འཁྱམ་པ་སྙིང་རེ་རྗེ་སྙམ་པ་ནི་ཉན་ཐོས་ཚུན་གྱི་སྙིང་རྗེ་ཡིན་ཞིང་།
Domain ཆོས་ལུགས།
སྙིང་རྗེ་མཚུངས་མེད་ (2)
Part of speech མིང་ཚིག
Definition ཐེག་ཆེན་སེམས་ཙམ་པ་ལ་དེ་རྣམས་ཐམས་ཅད་དང་། རྣམ་རིག་ཙམ་དུ་ཤེས་པའི་སྙིང་རྗེ་དང་།
སྙིང་རྗེ་མཚུངས་མེད་ (3)
Part of speech མིང་ཚིག
Definition རང་སྟོང་སྨྲ་བ་རྣམས་ལ་དེའི་སྟེང་དུ་ཀུན་རྫོབ་ཀྱི་ཆོས་འདི་དག་ཐམས་ཅད་རང་བཞིན་སྤྲོས་པ་དང་བྲལ་བ་ཡིན་པ་ལ་དེ་ལྟར་མ་ཤེས་པ་དེ་སྙིང་རྗེ་སྙམ་པའོ། །
སྙིང་རྗེ་མཚུངས་མེད་ (4)
Part of speech མིང་ཚིག
Definition འདིའི་ཐུན་མོང་མ་ཡིན་པའི་སྙིང་རྗེ་ནི་དེ་དག་གི་སྟེང་དུ་མཚན་དཔེས་སྤྲས་པའི་སངས་རྒྱས་ཀྱི་ཆོས་སེམས་ཅན་ཐམས་ཅད་ལ་གཞི་གདོད་མ་ནས་གནས་པ་ལ་དེ་ལྟར་མ་ཤེས་པར་འཁོར་པ་སྙིང་རྗེ་སྙམ་པ་ནི་གཞན་དང་མཚུངས་པ་མེད་པའི་སྙིང་རྗེའོ། །