97959

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྟག་བླ་ནོར་བུ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ས་གླང་ཕྱི་ལོ ༡༨༨༣ ལོར་མགོ་ལོག་སྟག་ལེབ་དཔོན་རྒྱུད་དུ་འཁྲུངས། ཆུང་དུས་ནས་བསྟན་སྒོར་ཞུགས། རབ་ཏུ་བྱུང་བའི་མཚན་ལ་འཇིགས་མེད་ཐུབ་བསྟན་རྒྱ་མཚོ་ཞེས་བསྩལ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་བསྟེན། གཞུང་ལུགས་ཀུན་ལ་སྦྱངས། ལྷག་ཏུ་གསོ་རིག་གཞུང་ལ་མཐར་ཕྱིན་པ་བསླབས། གཙང་སྐོར་དུ་བུད་མེད་སྦྲུམ་མ་ཞིག་དུར་དུ་སྲོག་བསྐྱབས་པའི་ལག་ཐབས་ཁྱད་པར་ཅན་ཡོད། སྟག་གོ་སྨན་པ་བླ་མ་ཞེས་གྲགས་པ་རྒྱས། ཤི་བ་གསོས་པའི་རྣམ་ཐར་དང་། ནད་གསོ་མི་ཐུབ་པ་གསོས་པའི་རྣམ་ཐར་ཡང་མང་། འདས་ལོ་མི་གསལ། སློབ་མ་གྲགས་ཆེ་བ་ནི་མཁན་པོ་ཐུབ་ནོར་དང་། ངང་པ་དཔལ་མགོན་སོགས་ཡིན། གསུང་རྩོམ་ནི་ཨུཏྤལ་བརྒྱད་ཅུ་པ་དང་། ག་པུར་བརྒྱ་རྩ། མན་ངག་བདུད་རྩིའི་ཡང་ཞུན། ཐུགས་རྗེ་བསིལ་མའི་བདུད་རྩིའི་ཆུ་རྒྱུན་བཅས་བཞུགས། མཚན་གཞན། སྟག་གོ་སྨན་པ་བླ་མ།