97966

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྟག་མཚར་སྐུ་ཕྲེང་དྲུག་པ་ཐུབ་བསྟན་འཇིགས་མེད་ནོར་བུ་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་མཆེད་ཡིན། རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་ཁྱི་ཕྱི་ལོ་ ༡༩༢༢ལོར་མདོ་སྨད་སྐུ་འབུམ་སྟག་མཚེར་དུ། ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་དབང་བཅུ་གསུམ་པ་ཆེན་པོས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང། སྐུ་འབུམ་དང་དབུས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟེ་མཁས་པར་གྱུར། མདོ་སྨད་དུ་ཕེབས་ཁར་གོང་ས་མཆོག་ལ་ཐོན་ཕྱག་ཞུས་ཏེ་རྒྱ་གར་ཀ་ལི་ཀ་ཏ་བརྒྱུད་རྒྱ་ནག་ཏུ་ཆིབས་བསྒྱུར་གྱིས་ཅང་ཅེ་ཧྲི་ལ་མཇལ་འཕྲད་མཛད་དེ་སྐུ་འབུམ་དུ་ཕེབས། མཚོ་སྔོན་གྱི་དམག་ཤེད་ཅན་མཱ་པུ་ཧྥང་དང་འགྲེལ་ལམ་ཟབ་པས་སྐུ་འབུམ་དུ་ཁྲལ་འབོར་ཆེན་བབས་པ་འདི་བས་ཆག་ཡང་དུ་བཏང། ཕྱི་ལོ༡༩༤༩ལོར་ཚོགས་ཆེན་ཁྲིར་ཕེབས། རྒྱ་ནག་དམར་ཕྱོགས་ལ་རྒོལ་ཆེད་མདོ་སྨད་ཀྱི་བླ་དཔོན་རེབ་གོང་ཤར་སྐལ་ལྡན་རྒྱ་མཚོ་དང་བླ་བྲང་གླིང་རིན་པོ་ཆེ་སོགས་གནད་འགངས་ཆེ་གང་ཡོད་ལ་འབྲེལ་ལམ་བཟུང། ཕྱི་ལོ་༡༩༥༠ལོར་རེབ་གོང་ཤར་སྐལ་ལྡན་རྒྱ་མཚོ་དང་གསེར་ཁོག་ཞྭ་ལུ་ཚང་སོགས་དང་ལྷན་དབུས་སུ་ཕེབས་ནས་རྒྱལ་དབང་མཆོག་ལ་མདོ་སྨད་ཁུལ་རྒྱ་དམར་གྱིས་བཙན་འཕྲོག་བྱས་པའི་སྐོར་ཞུས། རྒྱལ་དབང་བཅུ་བཞི་བ་གྲོ་མོར་ཕེབས་སྐབས་རྗེ་འདི་བ་ཡང་ལྷན་དུ་ཕེབས་ཏེ་རྒྱ་གར་དུ་ཆིབས་ཞལ་བསྒྱུར། ཞྭ་སྒབ་པ་སོགས་ཀྱི་རེ་བསྐུལ་བཞིན་ཨ་རིའི་ཤར་ཕྱོགས་རང་དབང་ཚོགས་པས་ཨ་རིར་གདན་འདྲེན་ཞུས་ཏེ་དེ་གར་རྒྱུན་བཞུགས་ཀྱིས་བོད་བསྟན་སྲིད་ཀྱི་ལས་དོན་རྒྱ་ཆར་བསྒྲུབས། ཕྱི་ལོ་༢༠༠༨ལོར་ཨ་རིར་དགོངས་པ་རྫོགས།