98009

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྟག་ལུང་ཐང་པའི་གསུང་རབ་སྡེ་བརྒྱད་ (1)
Part of speech མིང་ཚིག
Definition བཀའ་བརྒྱུད། སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་གསུང་རབ་ཀྱི་སྡེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ཕྱོགས་སུ་བསྒྲིགས་པ་སྟེ། དང་པོ་མཆོག་ཏུ་ཡིད་ཆེས་པར་བྱེད་པ་ངོ་མཚར་ལོ་རྒྱུས་ཀྱི་སྡེ། གཉིས་པ་རེ་བལྟོས་བཅས་ཆོག་ཏུ་ཤེས་ནས་གདུང་བས་གསོལ་བ་འདེབས་ཚུལ་གྱི་སྡེ། གསུམ་པ་དེ་ལྟའི་སྐལ་བཟང་ལ་བསླབ་གསུམ་སོགས་ལམ་རིམ་མཐའ་དག་རྒྱས་པར་སྟོན་པ་རྒྱ་ཆེན་ཚོགས་ཀྱི་སྡེ། བཞི་པ་འཕགས་པའི་དགེ་འདུན་གྱི་ནང་དུ་ཚུད་པ་ལ་སྡོམ་གསུམ་གྱི་མིག་ལྟོས་སྦྱིན་པ་ཚོགས་ཀྱི་བཅའ་བའི་སྡེ། ལྔ་པ་ཉུང་ངུའི་ཚིག་དོན་ལ་མོས་པ་རྣམས་ལ་གདམ་པ་ཚིགས་བཅད་སྤྲིང་ཡིག་གི་སྡེ། དྲུག་པ་ཟབ་གསང་རྡོ་རྗེ་ཐེག་པའི་སྐལ་ལྡན་ལ་སྨིན་བྱེད་ཀྱི་དབང་བསྐུར་ནས་རིམ་པ་དང་པོ་ལ་བསླབ་པ་བསྐྱེད་རིམ་སྒྲུབ་ཐབས་ཀྱི་སྡེ། བདུན་པ་སྨིན་བྱེད་གྲོལ་བར་བྱེད་པ་བླ་མེད་རྒྱུད་སྡེའི་ཉིང་ཁུ་ཡངས་ཟབ་ཁྲིད་ཡིག་གི་སྡེ། བརྒྱད་པ་དེ་ལྟའི་སྨིན་གྲོལ་ཉམས་སུ་བླངས་ནས་བརྟན་པ་ཐོབ་པས་རང་གཞན་གྱི་དོན་གཉིས་རྩོམ་པ་ཞལ་གདམས་ཕྲ་མོའི་སྡེའོ། །
Domain ལོ་རྒྱུས།