98024

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྟག་ལུང་བཀྲ་ཤིས་དཔལ་འོད་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་བྱི་ཕྱི་ལོ་ ༡༤༠༨ ལོར་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་མཁྱེན། ཡི་དམ་ལྷ་ཡི་དབང་ཆེན་མང་དུ་ཐོབ། བཅུ་གསུམ་པར་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་དང་མཇལ། ཆོས་རྗེ་བྱང་ཆུབ་རྒྱ་མཚོ་ལས་རབ་ཏུ་བྱུང། འདུལ་བའི་ཆོས་སྐོར་དང་། བརྟག་གཉིས། སྤྱོད་འཇུག ཤེས་རབ་བརྒྱ་བ། ནཱ་རོ་ཆོས་དྲུག ཕྱག་རྒྱ་ཆེན་པོ། ས་སྐྱའི་ལམ་འབྲས། གསང་འདུས་ཀྱི་སྦྱོར་དྲུག དུས་འཁོར་གྱི་དབང་ཆེན། བདེ་མཆོག་གི་དབང་ཆེན། མདོར་བསྡུས་དང་པོའི་འགྲེལ་བ་མི་གཡོ་སྣང་བ། ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱི་སྦྱོར་དྲུག་བཅས་གསན། ཉེར་གསུམ་པ་རབ་བྱུང་བདུན་པའི་ལྕགས་ཁྱི་ཕྱི་ལོ་ ༡༤༣༠ ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། འཆད་ཉན་གྱི་བྱ་བ་ལེགས་པར་བསྐྱངས། གདན་སར་ལོ་སོ་གཅིག་རིང་བཞུགས། གཙུག་ལག་ཁང་དང་། སྐུ་གསུང་ཐུགས་རྟེན་བཅས་མང་དུ་བཞེངས། ང་གསུམ་པ་རབ་བྱུང་བརྒྱད་པའི་ལྕགས་འབྲུག་ཕྱི་ལོ་ ༡༤༦༠ ལོར་སྐུ་གཤེགས། སྟག་ལུང་དགོན་པའི་གདན་རབས་བཅུ་གཅིག་པ་ཡིན། མཚན་གཞན། ཆོས་རྗེ་བཀྲ་ཤིས་དཔལ་འོད།