98259

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྟོང་གསུམ་པོ་ཉི་ཤུ་རྩ་ལྔ་བརྩེགས་པའི་སངས་རྒྱས་ཉི་ཤུ་རྩ་ལྔ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་སྐབས་བཅུ་གཅིག་པ་ཞིང་ཁམས་ཀྱི་བཀོད་པ་ལས་བྱུང་བ་སྟེ། ༡ དཔལ་འབྱུང་གི་ཞིང་དུ་སངས་རྒྱས་དྲི་མེད་མར་མེ། ༢ དཔལ་རྒྱན་ཞིང་དུ་སངས་རྒྱས་འོད་ཟེར་དྲི་མ་མེད་པ། ༣ རིན་ཆེན་རྒྱན་བཀོད་ཞིང་དུ་སངས་རྒྱས་རྡོ་རྗེ་འོད་ཟེར། ༤ མེ་ཏོག་སིལ་མ་བཀྲམ་པའི་ཞིང་དུ་སངས་རྒྱས་འོད་ཟེར་དགའ་བའི་སྟོབས། ༥ དགེ་བ་སྣ་ཚོགས་པའི་ཞིང་དུ་སངས་རྒྱས་དབང་པོའི་དཔལ། ༦ མེ་ཏོག་རྒྱས་པའི་ཞིང་དུ་སངས་རྒྱས་གྲགས་པ་དབང་ཕྱུག ༧ ཡང་དག་འབྱུང་བའི་དབྱངས་གཟི་བརྗིད་ཀྱི་ཞིང་དུ་སངས་རྒྱས་ཡེ་ཤེས་རྒྱ་མཚོ། ༨ སྒྲ་དབྱངས་མི་ཟད་སྒྲོགས་པའི་ཞིང་དུ་སངས་རྒྱས་གཟི་བརྗིད་ཐུབ་མེད་པ། ༩ རྡོ་རྗེ་རྒྱལ་མཚན་ཞིང་དུ་སངས་རྒྱས་འཕགས་པའི་རྒྱལ་པོ། ༡༠ རྣམ་པར་སྣང་བའི་ཞིང་དུ་སངས་རྒྱས་ཆོས་ཉིད་ཚད་མེད། ༡༡ སྣང་བའི་མདོག་ཞིང་དུ་སངས་རྒྱས་ཚངས་པའི་དབང་པོ། ༡༢ རྣམ་སྣང་དང་བའི་ཞིང་དུ་སངས་རྒྱས་འོད་ཟེར་བཀོད་པ། ༡༣ སྟོང་མི་མཇེད་ཀྱི་ཞིང་ན་རྣམ་འདྲེན་ཤཱཀྱ་ཐུབ་པ་སོགས་སངས་རྒྱས་སྟོང་། ༡༤ འོད་འཕྲོ་སྣ་ཚོགས་མར་མེའི་ཞིང་དུ་སངས་རྒྱས་ཐུབ་མེད་འོད་སྣང་། ༡༥ རིན་ཆེན་བརྒྱན་པའི་སྙིང་པོའི་ཞིང་དུ་སངས་རྒྱས་ཆགས་པ་མེད་པའི་ཡེ་ཤེས། ༡༦ རྡུལ་དང་བྲལ་བའི་ཞིང་དུ་སངས་རྒྱས་དཔལ་གྱི་རྒྱལ་མཚན། ༡༧ ཡོངས་སུ་དག་པར་སྣང་བའི་ཞིང་དུ་སངས་རྒྱས་ནམ་མཁའ་ཀུན་ཏུ་སྣང་བའི་འོད། ༡༨ རིན་ཆེན་འོད་འཕྲོའི་ཞིང་དུ་སངས་རྒྱས་བསོད་ནམས་སྤྲིན་གྱིས་འཕགས་པ། ༡༩ རབ་ཏུ་སྣང་བའི་ཞིང་དུ་སངས་རྒྱས་སྣང་མཛད་མར་མེའི་རྒྱལ་པོ། ༢༠ སྣང་བྱེད་ཀྱི་ཞིང་དུ་སངས་རྒྱས་འོད་ཟེར་བཀོད་པ། ༢༡ འོད་བྱེད་ཀྱི་ཞིང་དུ་སངས་རྒྱས་ཀུན་ཏུ་གཟིགས་པའི་དབང་པོ། ༢༢ འོད་འཕྲོ་བཀོད་པའི་ཞིང་དུ་སངས་རྒྱས་འོད་ཟེར་རྒྱལ་པོ། ༢༣ སྣང་ལྡན་གྱི་ཞིང་དུ་སངས་རྒྱས་ཀུན་ཏུ་སྣང་མཛད། ༢༤ རབ་མཛེས་ཀྱི་ཞིང་དུ་སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པ། ༢༥ མདངས་རབ་ཏུ་དགའ་བའི་ཞིང་དུ་སངས་རྒྱས་རབ་ཏུ་དགའ་བའི་དཔལ་རྣམས་བཞུགས་སོ། །སྟེང་ནས་རིམ་བཞིན་སྐུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་ལྔ་དང་། དེ་བཞིན་གསུང་སོགས་ལ་ལྔ་རེ་སྟེ་ཉེར་ལྔའོ། །བཅུ་གསུམ་པ་འདི་ནི་ཐུགས་ཀྱི་ཐུགས་ཞིང་ཡིན་པས་གསང་ཆེན་རྡོ་རྗེ་ཐེག་པ་དར་བས་ཚེ་གཅིག་གི་གྲོལ་བའི་ཞིང་ཁྱད་པར་འཕགས་སོ། །དེ་དག་རྣམས་སུ་གང་ལ་གང་གིས་འདུལ་བའི་སྤྲུལ་བས་གདུལ་བ་ཡིན་ནོ། །
Domain ཆོས་ལུགས།