98286

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྟོང་ཉིད་ཉི་ཤུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ཡུམ་གྱི་མདོ་ལས་གདུལ་བྱ་ཉེ་བའི་བསམ་པ་ལྟོས་ཏེ་སྟོང་གཞི་ཆོས་ཅན་ལ་བདེན་འཛིན་བཟློག་དཀའ་སླའི་ཁྱད་པར་གྱི་སྒོ་ནས་སྟོང་པ་ཉིད་ཀྱི་གྲངས་ཉི་ཤུར་མཛད་པ་སྟེ། དེའི་གྲངས་འདྲེན་དང་དྭོགས་གཅོད་སོགས་ནི། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། གཉིས་པ་ཡེ་ཤེས་ཀྱི་ཚོགས་བཤད་པ་ལ་གསུམ་དུ་ཡོད་དེ། ཡུལ་སྟོང་ཉིད་ཉི་ཤུ་བཤད་པ། ཡུལ་ཅན་ཡེ་ཤེས་ཀྱི་ཚོགས་བཤད་པ། ཡེ་ཤེས་ཀྱི་དམིགས་པ་ལ་དོགས་པ་དཔྱད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ནང་སྟོང་པ་ཉིད་ནས་གཞན་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོད་པའི་ཕྱིར་ཏེ། འགྲེལ་པ་འདིར་སྨྲས་པ། ཞེས་པ་ནས་སྟོང་པ་ཉིད་ནི་ཉི་ཤུར་འདོད། ཞེས་པའི་བར་གསུངས་པའི་ཕྱིར། གཉིས་པ་ཡོད་དེ། ཡུལ་སྟོང་ཉིད་ཉི་ཤུ་རྟོགས་པའི་ཡུལ་ཅན་ཡེ་ཤེས་ཉི་ཤུ་ཡོད་པའི་ཕྱིར། འགྲེལ་པར། དེ་ལ་ཡེ་ཤེས་ཀྱི་ཚོགས་ནི ༡. ནང་དང་། ༢. ཕྱི་དང་། ༣. དེ་གཉིས་ཀ་དང་། ༤. སྟོང་པ་དང་། ༥. ཆེན་པོ་དང་། ༦. དོན་དམ་པ་དང་། ༧. འདུས་བྱས་དང་། ༨. འདུས་མ་བྱས་དང་། ༩. མཐའ་ལས་འདས་པ་དང་། ༡༠. ཐོག་མ་དང་ཐ་མ་མེད་པ་དང་། ༡༡. དོར་བ་མེད་པ་དང་། ༡༢.རང་བཞིན་དང་། ༡༣. ཆོས་ཐམས་ཅད་དང་། ༡༤. རང་གི་མཚན་ཉིད་དང་། ༡༥. མི་དམིགས་པ་དང་། ༡༦. དངོས་པོ་མེད་པའི་ངོ་བོ་ཉིད་དང་། ༡༧. དངོས་པོ་དང་། ༡༨. དངོས་པོ་མེད་པ་དང་། ༡༩. རང་གི་ངོ་བོ་དང་། ༢༠. གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱིས་བྱེ་བྲག་གི་རྣམ་པ་ཉི་ཤུའོ། །ཞེས་གསུངས། འདི་ལ་ཨར་ལ་སོགས་པའི་མཁས་པ་ཁ་ཅིག དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་ཞེས་སོགས་ཀྱི་གཞུང་འདིས་ཡུལ་ཅན་ཡེ་ཤེས་ཉི་ཤུའི་ས་མཚམས་བསྟན་པ་ཡིན་ཏེ། འགྲེལ་ཆེན་ལས། སྟོང་པ་ཉིད་གསུམ་ནི་མོས་པས་སྤྱོད་པའི་བསྡུས་པ་ཡིན་ནོ། །ཞེས་པ་ནས། སྟོང་ཉིད་ཐ་མའི་སྐབས་སུ་འདི་ནི་སངས་རྒྱས་ཀྱི་སས་བསྡུས་སོ། །ཞེས་བཤད་པའི་ཕྱིར་ཞེས་བཞེད། མི་ལེགས་ཏེ། ཚོགས་ལམ་གྱིས་བསྡུས་པའི་སྟོང་ཉིད་ཉི་ཤུ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་དང། མཐོང་ལམ་གྱིས་བསྡུས་པའི་སྟོང་ཉིད་ཉི་ཤུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་བཞག་ཏུ་ཡོད་པའི་ཕྱིར། ཡང་ཁ་ཅིག འགྲེལ་ཆེན་དུ་དེ་ལྟར་བཤད་པ་ནི་ས་བཅུའི་མཉམ་གཞག་གི་སྐབས་སུ་ཡུལ་སྟོང་ཉིད་ཉི་ཤུ་ལ་ངེས་པ་འདྲེན་ཚུལ་མི་འདྲ་བའི་སྒོ་ནས་བཤད་ཅེས་གསུངས་པ་ཡང་མི་འཐད་དེ། ས་དང་པོར་ཆེན་པོ་སྟོང་པ་ཉིད་ལ་ངེས་ཤེས་འདྲེན་ནུས་ལ། དོན་དམ་པ་སྟོང་པ་ཉིད་ལ་ངེས་ཤེས་འདྲེན་མི་ནུས་པའི་ཁྱད་པར་མི་འཐད་པའི་ཕྱིར། ཞེས་སོགས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]