98306
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྕི་རྒྱུད་སྟོང་རོང་འཆིག་ནགས་ཞེས་པར་། ཡབ་ཚབ་ཤི་སེང་གེ་དཔལ་དང་ཡུམ་འབུམ་བཟའ་པདྨ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ས་བྱི་ཕྱི་ལོ་ ༡༢༨༨ ལོར་འཁྲུངས། སྤྱན་སྔ་བྱང་ཆུབ་གཞོན་ནུ་ལས་རབ་ཏུ་བྱུང་། མཚན་བློ་གྲོས་རྡོ་རྗེ་བཏགས། དེ་ནས་ཆོས་དྲུག་ལ་སོགས་པའི་གདམ་པ་ཐམས་ཅད་རྫོགས་པར་ཞུས། བྲང་ཁང་ཆེན་མོའི་ནང་དུ་སྒོམ་ཁང་མཛད་ཅིང་སྒོམ་པས་གཏུམ་མོའི་དྲོད་འབར་སྟེ། དགུན་ཁ་བ་ཆེན་པོ་བབ་པའི་ནང་དུ་བཞུགས་པས་སྐུ་ལུས་ཀྱི་འདོམ་སྐོར་ཚུན་ལ་ཁ་བ་མི་ཆགས་པ་གཅིག་བྱུང། རྡོ་རྗེ་རྣལ་འབྱོར་མས་ཞལ་གཟིགས་པ་སོགས་གྲུབ་པའི་ཚད་དུ་སོན། བྱང་འབའརོམ་དུ་རྒྱལ་ཚབ་ཆོས་ཀྱི་ཁྲིར་ལོ་ཤས་བཞུགས། མཐར་ཟླ་ཉིན་ལ་ཆིང་དུ་དགུང་གྲངས་དྲུག་བཅུ་རེ་གཉིས་རབ་བྱུང་དྲུག་པའི་ས་གླང་ཕྱི་ལོ་ ༡༣༤༩ ལོར་སྐུ་གཤེགས། འདས་ཁར་དབུས་གཙང་གཉིས་ཀྱི་མཚམས་སུ་འུ་ཡུག་བྱ་བ་ན་ཁོང་རང་གི་སྐྱེ་བ་འབྱོན་གསུངས་སྟེ། མཐར་དེ་བཞིན་དུ་བྱུང། སློབ་མ་ལ་རིགས་དབོན་དབང་རྒྱལ། དབོན་ཚུལ་བློ་བ། ལྷ་རས་པ། ལྕི་རས་པ། ཇབ་པ་བ། སྟག་གེ་རས་པ་སོགས་མང་དུ་བྱོན། བརྩམས་ཆོས། མགུར་འབུམ་པོད་གཅིག་དང་བརྩམས་ཆོས་འགས་ཤས་ཡོད་པ་འདྲ་སྟེ་དེེང་སང་མཇལ་དུ་མེད། |