98307

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:47, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྟོང་ནམ་མཁའ་རྒྱལ་མཚོ་ (1)
Part of speech མིང་ཚིག
Definition ཐུགས་དམ་པ་སྟོང་ནམ་མཁའ་རྒྱ་མཚོ་མཆོག་ནི། སྐུ་གཞོན་ནུ་ནས་སྐྱེས་མཆོག་འབའ་ར་བ་ཆེན་པོའི་ཞབས་དྲུང་དུ་རབ་ཏུ་བྱུང། ཕྱི་ཐོས་པའི་སྒྲོ་འདོགས་བཅད། རིག་པའི་གནས་ལ་ཡང་ཤིན་ཏུ་མཁས། དེར་བསྙེན་པར་རྫོགས་ཤིང་། མི་ལོ་བཅོ་བརྒྱད་རིང་སྐུའི་ཉེ་གནས་མཛད། དེ་ནས་ལོ་དུ་མའི་བར་དུ་ཆོས་ཞུ་བ་རྣམས་ལ་ཁྲིད་གཉེར་མཛད་པས། མཚན་དུའང་ཆོས་གཉེར་བ་ནམ་མཁའ་རྒྱ་མཚོ་ཞེས་གྲགས། བླ་མ་ལ་སངས་རྒྱས་སུ་དུས་རྒྱུན་པར་གཟིགས་ཤིང། སྐབས་སུ་རྡོ་རྗེ་འཆང་གི་སྐུར་གཟིགས། སྐབས་སུ་དཔལ་བདེ་མཆོག་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པར་གཟིགས། སྐབས་སུ་ཨོ་རྒྱན་པདྨ་འབྱུང་གནས་སུ་གཟིགས་པ་སོགས་མཐའ་ཡས་སོ། །གདམས་ངག་རྣམས་བུམ་པ་གང་བྱོར་གསན་པས། སྐྱེས་མཆོག་ཆེན་པོའི་གདམས་པ་ཡི་གེར་མ་འཁོད་པའི་སྐོར་དང་། ཞལ་ཤེས་ཐམས་ཅད་ལ་ཟིན་བྲིས་ཀྱི་ཡིག་ཆ་ཡང་མཛད། ཐར་གྲུ་སྐོར་གསུམ་སོགས་གསུང་འབུམ་འཐོར་བ་ཐམས་ཅད་བསྡུས་ནས་དཀར་ཆག་ཏུ་བཀོད། ཁྱད་པར་གསུང་ཐོར་བུའི་དབུར་གསོལ་འདེབས་སྟོང་ཉིད་མའི་འགྲེལ་པ་མཛད་ཅིང་། རྣམ་ཐར་ཆེན་མོའི་མཇུག་མྱ་ངན་འདས་ཆུང་ཀྱང་དམ་པ་འདིས་མཛད་པ་ཡིན། དེ་ལྟར་བཀའི་བསྡུ་བ་མཛད་པས་ཕྱི་རབས་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ། དབུས་པ་རིན་ཆེན་ཚུལ་ཁྲིམས་ཀྱི་སློབ་མ་དང་། སྟོང་གི་སློབ་མ་རྣམས་ཆོས་ཕར་ཞུ། ཚུར་ཞུ་བྱས་པའི་ལོ་རྒྱུས་དབུས་པའི་རྣམ་ཐར་དུ་གསལ། སྐུ་ཚེ་ཡང་ཤིན་ཏུ་རིང་བར་བཞུགས་སོ། །