From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། བྱེ་བྲག་སྨྲ་བ། མི་སློབ་པའི་རྒྱུད་ཀྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་ནས་ཏིང་ངེ་འཛིན་འདི་ནི་བདག་གི་བ་མ་ཡིན་ནོ་ཞེས་སྟོང་པའི་རྣམ་པ་ཁོ་ནར་ཡིད་ལ་བྱེད་པའི་ཟག་བཅས་ཀྱི་ཏིང་ངེ་འཛིན་ཞིག་སྟེ། ས་བཅུ་གཅིག་ན་ཡོད་དེ། སེར་སྨད་རྒྱལ་དབང་མཛོད་ལས། ཡང་མདོ་ལས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་སྨོན་པ་མེད་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་དང༌། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་པ་གསུམ་གསུངས་པ་ནི་སྔར་བཤད་མ་ཐག་པའི་ཏིང་ངེ་འཛིན་གསུམ་པོ་སུན་འབྱིན་བྱེད་ཀྱི་ཏིང་ངེ་འཛིན་ལ་བྱེད་པ་སྟེ། དང་པོ་ནི། མི་སློབ་པའི་རྒྱུད་ཀྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་དམིགས་ནས་ཏིང་ངེ་འཛིན་འདི་ནི་བདག་གི་བ་མ་ཡིན་ནོ་ཞེས་སྟོང་པའི་རྣམ་པར་ཡིད་ལ་བྱེད་པ་དང༌། ཞེས་དང་། མཆིམས་མཛོད་ལས། ས་ནི་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གྱི་ཉེར་བསྡོགས་བདུན་མ་གཏོགས་(ན་ཉེར་བསྡོགས་བདུན་གོང་འོག་ལ་ཞི་རགས་སུ་དམིགས་ནས་འོག་ས་སུན་འབྱིན་གྱི་འཕགས་ལམ་སུན་མི་འབྱིན་པས་སོ། །) པ་འདོད་པ་དང་བསམ་གཏན་གྱི་ས་དྲུག་དང་གཟུགས་མེད་པ་ས་བཞི་སྟེ་བཅུ་གཅིག་ན་ཡོད་དོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ (2)
| Part of speech
|
མིང་ཚིག
|
| Definition
|
ཏིང་ངེ་འཛིན་རྣམས་ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་བ་གསུམ་དུ་ཕྱེ་བའི་ནང་གསེས་ཤིག་སྟེ། མི་སློབ་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྟོང་པར་རྣམ་པར་དམིགས་པའི་ཏིང་ངེ་འཛིན་ནོ། །དེ་ཡང་མི་སློབ་པའི་ཏིང་ངེ་འཛིན་དེ་བདག་གིར་མ་ཡིན་ཞེས་སྟོང་པའི་རྣམ་པར་དམིགས་ལ། བདེན་པ་དང་པོའི་སྡུག་བསྔལ་གྱི་རྣམ་པ་དང་། ཀུན་འབྱུང་དང་འགོག་ལམ་གྱི་རྣམ་པ་བཅུ་གཉིས་སུའང་དམིགས་པ་མ་ཡིན་ཏེ། གོ་རིམ་བཞིན་དུ་དམིགས་ཡུལ་ཏིང་ངེ་འཛིན་དེ་ཟག་མེད་ཡིན་པས་ཟག་བཅས་འཕགས་པ་དང་མི་མཐུན་པའི་སྡུག་བསྔལ་དང་། སྡུག་བསྔལ་བསྐྱེད་པའི་རྒྱུ་ལ་སོགས་པའི་མཚན་ཉིན་མ་ཡིན་པའི་ཕྱིར་དང་། འགོག་བདེན་མ་ཡིན་པའི་ཕྱིར་དང་། ལམ་བདེན་ཡིན་པས་སུན་དབྱུང་བྱ་ཡིན་ལ་སུན་དབྱུང་བྱ་དེ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེའི་ངོ་བོ་ཟག་བཅས་ཏེ་འཕགས་ལམ་དེ་ལ་སྡང་བའི་ཕྱིར་རོ། །དེའི་དོན་དེ་ལ་རྒྱབ་ཀྱིས་ཕྱོགས་པའོ། །རྟེན་ནི་བློ་གསལ་གླིང་གསུམ་གྱི་མིའི་ནང་དུའམ། ཡང་ན་མི་ལུས་བཟང་པོ་ཐོབ་ཀྱང་ན་རྒ་ལ་སོགས་པའི་སྡུག་བསྔལ་གྱིས་ཡིད་བྱུང་ནས་ཟག་མེད་ཀྱི་འཇུག་པ་དང་མི་མཐུན་པའི་འདུ་ཤེས་དེ་འདྲ་བ་འདྲེན་པའི་ཕྱིར་རོ་ཞེས་གང་སྤེལ་འཆད་དོ། །གང་ཟག་ནི་མི་གཡོ་བའི་ཆོས་ཅན་ལ་སྟེ་དབང་པོ་རྣོ་བའི་ཕྱིར་དེ་བསྐྱེད་པའི་མཐུ་ཡོད་ཀྱི་དགྲ་བཅོམ་གཞན་ལ་མ་ཡིན་ནོ་ཞེས་རྒྱལ་སྲས་སོ། །ས་ནི་བདེན་པའི་རྣམ་པ་ཅན་ཡིན་པས་ཉེར་བསྡོགས་བདུན་ནི་མ་གཏོགས་པས་བཅུ་གཅིག་ནའོ། །
|