98449
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བཙུན་པའི་སྟོད་གོས་ཕུ་རུང་མེད་པ་ཞིག་གི་མིང་སྟེ། བོད་ཀྱི་གྲྭ་པ་རྣམས་ཀྱིས་སྟོད་ནས་གྱོན་རྒྱུ་སྟོད་གོས་ཞིག་ཡིན། དུས་ཆེན་གྱི་སྐབས་སུ་གྱོན་རྒྱུ་ལ་རྒྱ་སེར་སོགས་གོས་ཆེན་རིན་ཐང་ཅན་བརྒྱབ་ཏེ་དྲུབ་ཡོད། དུས་རྒྱུན་གྱོན་རྒྱུ་ཐེལ་མ་དམར་པོ་སོགས་ཀྱིས་བཟོས་ཡོད། རྒྱུད་སྟོད་གྲྭ་ཚང་གི་ལུགས་ལ། སྟོད་འགག་ལྟ་བུར་མཚོན་ན། སེང་གེ་དཔུང་པ་མེད་པ་མ་ཡིན་པ་ཞིག་དགོས་ཏེ། དཔེར་ན་སེང་གེ་ནི་རི་དྭགས་ཀྱི་རྒྱལ་པོ་ཡིན་པས་གཞན་ལ་མི་འཇིགས་པ་བཞིན་རབ་ཏུ་བྱུང་བ་རྣམས་རང་གི་སྤང་བྱ་མི་མཐུན་ཕྱོགས་ལ་མི་འཇིགས་པ་མཚོན། གླང་ཆེན་མཆེ་བ་མེད་པ་མ་ཡིན་པ་ཞིག་དགོས་ཏེ། དཔེར་ན་འཆི་བདག་གཤིན་རྗེའི་ཁ་ལ་ཚུད་འདུག་བསམ་ནས་སྐད་ཅིག་སྐད་ཅིག་ལ་འཇིགས་པས། དེ་ལ་བརྟེན་ནས་མི་རྟག་པ་སྒོམ་དགོས་པ་མཚོན། ཕྲེང་སྐུད་སྔོན་པོ་མེད་པ་མ་ཡིན་པ་ཞིག་དགོས་ཏེ། ཧ་ཤྭང་གི་བཀའ་དྲིན་དྲན་པའི་དགོས་པ་ཡིན། ཕྲེང་སྐུད་སྔོན་པོ་སྒོར་སྒོར་བཟོས་དགོས་པ་ནི། རབ་ཏུ་བྱུང་བ་རྣམས་ལག་པ་དབྱུག་གིན་དབྱུག་གིན་འགྲོ་མི་ཆོག་པས་རང་གི་སྤྱོད་ལམ་གཟབ་དགོས་པས་རབ་ཏུ་བྱུང་བ་རྣམས་ཀྱི་མཛུབ་མོ་རྒྱུ་ཡི་ཆེད་ཡིན། |
| Domain | ཆོས་ལུགས། |