From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྟོན་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ལུས་ངག་གི་རྣམ་རིག་ལ་བརྟེན་ནས་གང་ཞིག་གཞན་ལ་མཐོང་དུ་འཇུག་པའམ་ཤེས་སུ་འཇུག་པ་སོགས་ཀྱི་བྱ་བའི་མིང།
|
| Keyword
|
True
|
| Example
|
མཛེས་ལྗོངས་མིག་ལ་སྟོན་པ། སློབ་མར་ཆོས་སྟོན་པ། མགྲོན་པོར་ལམ་སྟོན་པ་ལྟ་བུ།
|
སྟོན་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ལམ་སྲོལ་སོགས་སྔར་མེད་གསར་དུ་ཕྱེ་མཁན།
|
སྟོན་པ་ (3)
| Part of speech
|
མིང་ཚིག
|
| Definition
|
ཆོས་ལུགས་གང་ཡིན་གྱི་བསྟན་པའི་རྣམ་གཞག་ཐོག་མར་གསར་དུ་སྲོལ་བཏོད་གནང་མཁན།
|
| Example
|
སྟོན་ཤཱཀྱ་ཐུབ་པ་ལྟ་བུ།
|
སྟོན་པ་ (4)
| Part of speech
|
མིང་ཚིག
|
| Definition
|
ཤེས་བྱའི་གནས་ལུགས་གསལ་བར་བྱེད་པ་ཡིན་ལ། ངེས་ཚིག་ནི། མདོ་གཟེར་མིག་ལས། སྣང་སྲིད་ཡེ་སྲིད་ས་ལེར་སྟོན་པས་སྟོན། །སྐྱེ་འགྲོའི་སེམས་ཅན་བུ་ལྟར་གསོ་བས་པ། །ཞེས་དང་། གཞན་ཡང་མ་ཤེས་པ་ཤེས་པར་སྟོན་མ་གོ་བ་གོ་བར་སྟོན་མ་རིག་པ་རིག་པར་སྟོན་པའོ། །ཞེས་སོ། །དབྱེ་བ་ལ། ཡེ་ཉིད་ཀྱི་སྟོན་པ་དང་། ཐུགས་རྗེའི་སྟོན་པ། སྤྲུལ་པའི་སྟོན་པ་དང་གསུམ་མོ། །དེ་ཡང་དང་པོ་ནི་བོན་སྐུ། གཉིས་པ་རྫོགས་སྐུ། གསུམ་པ་སྤྲུལ་སྐུའོ། །ཞེས་གསུངས་སོ། །
|