98521
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ། ༡ མཉན་ཡོད་ན་རྒྱལ་པོ་ཆེན་པོ་རྩིབས་ཀྱིས་འཕུར་ཚངས་བྱིན་གྱི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་གསལ་བར་སྣང་བས། གཞོན་ནུ་དེའི་མིང་ལ་གསལ་རྒྱལ་དུ་བཏགས་སོ། །༢ རྒྱལ་པོའི་ཁབ་ན་རྒྱལ་པོ་ཆེན་པོ་པདྨ་ཆེན་པོའི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་ཉི་མའི་གཟུགས་ལྟར་སྣང་ཞིང་། འདི་བཙུན་མོ་གཟུགས་ཅན་གྱི་བུ་ཡིན་པས་གཞོན་ནུ་འདིའི་མིང་གཟུགས་ཅན་སྙིང་པོར་གདགས་སོ་སྙམ་ནས་བུ་དེའི་མིང་གཟུགས་ཅན་སྙིང་པོར་བཏགས་སོ། །༣ ཀོའུ་ཤམྦྷཱི་ན་རྒྱལ་པོ་ཆེན་པོ་དམག་བརྒྱ་པའི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་ཉི་མ་ཤར་བ་ལྟར་སྣང་བར་གྱུར་པས་བུ་དེའི་མིང་ཤར་པར་བཏགས་སོ། །༤ འཕགས་རྒྱལ་ན་རྒྱལ་པོ་ཆེན་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་བུ་བཙས་པ་ན་འཇིག་རྟེན་རབ་ཏུ་སྣང་བས་སྣང་བར་གྱུུར་པས་བུ་དེའི་མིང་རབ་སྣང་དུ་བཏགས་སོ། ། |