98533

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 19:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 7)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྟོན་པས་དང་པོར་ཐུགས་བསྐྱེད་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བདག་ཅག་གི་སྟོན་པས་ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་གཟིགས་ནས་འགྲོ་བ་སེམས་ཅན་རྣམས་དེ་ལས་སྒྲོལ་བའི་ཕྱིར་རང་ཉིད་བླ་ན་མེད་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་ཅན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐོག་མར་ཐུགས་རྒྱུད་ལ་བསྐྱེད་པར་མཛད་པ་ལ་ཟེར། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལ་འདིར་བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་ཡིན་ནོ། །དེ་ཡང་དང་པོ་ཡིན་ཏེ། བྲམ་ཟེའི་ཁྱེའུར་གྱུར་པའི་ཚེ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་སེམས་བསྐྱེད་པ་ཡིན་པའི་ཕྱིར་ཏེ། སྙིང་རྗེ་པད་དཀར་ལས། ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ། ཞེས་དང། མཛོད་ལས། དང་པོ་ཤཱཀྱ་ཐུབ་པ་ཡིན། ཞེས་གསུངས། ཞེས་གསལ།
Domain ཆོས་ལུགས།